| | e-texts navigator
|
388a1 རྣམ་པར་གྲོལ་བས་བདག་ནི་སྐྱེ་བ་ཟད་དོ།།ཚངས་པར་སྤྱོད་པ་བསྟན་ཏོ།།བྱ་བ་བྱསོ།།སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ
388a2 བ་ཡེ་ཤེས་མཐོང་བ་ཁོ་ནར་འགྱུརརོ།།དེ་འདི་སྙམ་དུ་སེམས་ཏེ།འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ།འདོད་པའི་ཟག་པ་དང་།སྲིད་པའི་ཟག་པ་དང་།མ་རིག་པའི
388a3 ཟག་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ།སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་དྲུག་གི་ལུས་འདི་ཁོ་ན་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ།།དེ་ལ་འདོད་པའི་ཟག་པ་དང་།།
388a4 སྲིད་པའི་ཟག་པ་དང་།མ་རིག་པའི་ཟག་པ་ལ་རྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ།སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད
388a5 དྲུག་གི་ལུས་དེ་ཁོ་ན་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།།ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས
388a6 མཐོང་ཡང་།དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ།ཀུན་དགའ་བོ་འདི་ལྟ་སྟེ།ཟག་པ་རྣམས་ཟད་པས
388a7 ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བ་གང་ཡིན་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་ཡིན།།ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ
iiif viewer powered by OpenSeadragon
387b - 388b