| | e-texts navigator
|
383a1 སྤྱན་གྱི་གསོས་སྤྱན་ཡོ་བྱད་དག་གིས་བསྙེན་བཀུར་བགྱི་བར་འཚལ་ན།བཅོམ་ལྡན་འདས་རྒྱལ་པོའི་ཁོར་ཏུ་གཤེགས་པར་གནང།
383a2 བཅོམ་ལྡན་འདས་ཀྱིས་ཡུལ་མེ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་བར་མཛད་དོ།།དེ་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟ
383a3 སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང
383a4 རྗེསུ་ཡི་རང་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ཀྱི་སྤྲིན་སྔ་ནས་ཕྱིར་སོང་ངོ་།།མདོ་ཆེན་པོ་གཟུགས
383a5 ཅན་སྙིང་པོས་བསུ་པ་ཞེས་བྱ་བ་རྫོག་སོ།།།རྒྱ་གར་གྱི་མཁན་པོ་འཛིན་མཻ་ཏྲེ་དང་།པྲཛྙཱ་ཝརྨ་དང་།ཞུ་ཆེན་གྱི་ལོ་ཙཱ
383a6 བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།རྒྱ་གར་སྐད་དུ་ཤཱུ་ནྱ་ཏཱ་ནཱ་མ་མེཧཱ
383a7 སཱུ་ཏྲ་མེ།བོད་སྐད་དུ།མདོ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ།དཀོན་མཆོག་གསུམ་ལ་ཕྱག་འཚ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི།བཅོམ
iiif viewer powered by OpenSeadragon
382b - 383b