| | e-texts navigator
|
372b1 བ་ཡང་དེ་ཉིད་ཡིན།སླུ་བའི་ཆོས་ཅན་ཀྱང་དེ་ཉིད་ཡིན།བདུད་ཀྱང་དེ་ཉིད་ཡིན།བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།རོ་ཡང་དེ་ཉིད་ཡིན།རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན
372b2 པར་དགའ་བར་བྱ་བ་འམ།མངོན་པར་བརྗོད་པར་བྱ་བ་འམ།ལྷག་པར་ཆགས་པར་བྱ་བ་འམ།ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི།བཅོམ་ལྡན
372b3 འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།།དེས་དེ་ལྟར་ཤེས་ནས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ
372b4 དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པ་དང་།སྡུག
372b5 བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ཡང་དག་པར་རྗེ་སུ་མཐོང་ངོ་།།དེས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།དེ་ལྟར་བྱིང
372b6 བིའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པ་དང་།སྡུག་བསྔལ་བ་དང་།སྟོང་པ་དང་།བདག
372b7 མེད་པར་ཡང་དག་པར་རྗེསུ་མཐོང་བ་ནི།དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པ
iiif viewer powered by OpenSeadragon
372a - 373a