e-texts navigator
Collection
Volume
Page
Wylie

82b1 ར་ཏུ་འཛིན་པ་དེས་བསོད་ནམས་ཚད་མེད་བརྗོད་དུ་མེད་གྲངས་མེད་ཅིང་དཔག་ཏུ་མེད་པ་ཐོབ་བོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།བྱང་ཆུབ་སེམས་དཔའ
82b2 སིའི་སྙིང་པོ་དང་།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་སྐུ་གསུམ
82b3 ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།རྒྱ་གར་སྐད་དུ།ཨཱརྱཱ་ཏྲི་སྐཱནྟ་ཀནྟྲ་མ་མཱ་ཧཱ་ཡཱ་ན་སཱུཏཱཾ།དྲོད་སྐད་དུ།འཕགས་པ་ཕུང
82b4 པོ་གསུམ་ལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚོལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན།བཅོམ
82b5 ལྡན་འདས་ཆོས་ཀྱི་དབྱེ་དགོན་པ་ན་བཞུགས་ཏེ།འདས་པོ་དང་།མི་བྱོན་པ་དང་།ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོས་ལེགས་པར་ཐུགས་སུ་ཆུད
82b6 དེའི་བློ་མཔར་བྱ།སངས་རྒྱུས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ།ཆོས་ཀྱི་སྐུ་གཉི་སུ་མེད་པ་ལ་བརྟེན་ཅིང་གནས་པ།ན་མཁའི་དཀྱིལ་ཡུལ་དུ་གྱུར་ཅིང་ཐུག་པ་མེད་པའི
82b7 ཡེ་ཤེས་མངའ་བ།ཆོས་ཀྱི་དབྱིངས་ཐམས་ཅད་དུ་རབ་ཏུ་ཞུགས་པའི་སྐུ་དང་ལྡན་པ་ཆོས་ཀྱི་ཅོད་པན་ཆགས་པ་མེད་པ་མཚིག་དམ་པ་དྲི་མ་མེད་པས་བཅིངས་པ།སོ་སོ་ཡང




iiif viewer powered by OpenSeadragon

82a - 83a

Texts on this page

N268 - 'phags pa sku gsum zhes bya ba theg pa chen po'i mdo
N269 - 'phags pa phung po gsum pa zhes bya ba theg pa chen po'i mdo