| | e-texts navigator
|
81b1 གྲངས་མོད་པ་དང་།ལྷ་དང་།ཀླུ་དང་།འཁོར་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་ཏེ།བཅོམ་ལྡན་འདས་ལ་བཀུར་སྟིར་བགྱིད་ཅིང་མཆོད་དོ།།དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ
81b2 སེའི་སྙིང་པོ་འདུག་པ་སྟན་ལས་ལྡངས་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ལ་སྐུ་དུ་མངའ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།སའི་སྙིང་པོ
81b3 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐུ་གསུམ་མངའ་སྟེ།ཆོས་ཀྱི་སྐུ་དང་།ལོངས་སྤྱོད་རྫོགས་པའི་སྐུ་དང་།སྤྲུལ་པའི་སྐུའོ།།རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ
81b4 གསུམ་ནི་རང་བཞིན་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའོ།།ཏིང་ངེ་འཛིན་རྣམ་པར་དག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།།སྤྱོད་པ་རྣམ་པར་དྲག་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི
81b5 སྐུའོ།།རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་ན་མཁའ་ལྟར་རང་བཞིན་མེད་པའི་དྲན་ནོ།།ལོངས་སྤྱོད་རྫོགས་པའི་སྐུ་ནི་སྤྲིན་ལྟར་འབྱུང་བའི་དྲོན་ནོ།།སྤྲུལ་པའི་སྐུ
81b6 ནི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཏེ།ཆར་པ་ལྟ་བུ་སྟེ་ཐམས་ཅད་འོངས་པའི་དོན་ནོ།།བཅོམ་ལྡན་འདས་ལོ་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།།
81b7 བཅོམ་ལྡན་འདས་ཀྱི་སྐུ་གསུམ་གྱི་བཤད་པ་ཇི་ལྟར་བལྟ་བར་བགྱི།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་བཀའ་སྩལ་པ།རིགས་ཀྱི་བུ་དེ་བཞིན་ག
iiif viewer powered by OpenSeadragon
81a - 82a