e-texts navigator
Collection
Volume
Page
Wylie

71b1 གྱིས་བཀང་ནས་དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་པར་བྱེད་ལ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱེད་ན།དེ་ནི་དེ་དག་ལས་མཆོག་ཏུ་བཀྲབས་པའོ།།གང་ཞིག་བསྐལ་པ་སྟོང་དུ་ཤེས
71b2 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་ཕ་རོལ་ཏུ་ཕྱིན་པོ་ལྔ་ལ་སྤྱོད་པར་བྱེད་ལ།གང་ཞིག་ཆོས་ཀྱི་རྣམ་གྲོངས་འདི་ཉན་པར་བྱེད་ན་འདི་ནི་དེ་དག་ལས་མཆོག་ཏུ་བཀྲབས་པའོ།།གང་ཞིག་སངས
71b3 རྒྱས་སྟོང་ལ་སྔོ་དྲོ་དང་།ཉིན་བྱེད་ཕྱེ་མ་རེད་ཀྱི་དུས་སུ་བསྙེན་བཀུར་བྱེད།གུས་པོར་བྱེད།བརྗེད་པར་བྱེད།མཆོད་པར་བྱེད་ལ།གང་ཞིག་ཆོས་ཀྱི་རྣམ་གྲངསཱ་འདི་ཉན་པར་བྱེད་ན།འདི་ནི་དེ་དག་ལས
71b4 མཆོག་ཏུ་བཀྲབ་པའོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང་།བཅང་བ་དང་།བཀློག་པ་དང་།བསྟན་པ་དང་།ཡི་གེར་བྲི་བར་བྱ་བའི་ཕྱིར་ཁྱེད་ཅག་ལ་གཏད
71b5 ཀྱིས།ངའི་བསྟན་པ་འདི་ལུས་དང་སྲོག་ཡོངསུ་གཏད་པ་དང་ཡང་བསྔོ་ཞིང་ཡོངསུ་བསྲུང་བར་བྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ་བག
71b6 ཚ་བ་མེད་པར་གནས་པ་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།དགེ་སློང་དེ་དག་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི
71b7 འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་སངས་རྒྱས་མི་སྤང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།




iiif viewer powered by OpenSeadragon

71a - 72a

Texts on this page

N261 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo