e-texts navigator
Collection
Volume
Page
Wylie

71a1 དང་བཅས་པར་བྱ།།གཞན་གྱི་དབང་དུ་མི་འགྱུར་བར་བྱ།ཡོངསུ་མི་སྐྱེ་བ་དང་།རྟག་ཏུ་བརྩོན་འགྲུས་བརྩམས་པ་དང་།གཡོ་མེད་པ་དང་།སངས་རྒྱས་རྗེས
71a2 དྲན་པ་དང་མ་བྲལ་བ་དང་།མི་དམིགས་པ་དང་།མཚན་མ་མེད་པ་ལེགས་པར་བསྒོམ་པ་དང་།ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པར་བྱ།སངས་རྒྱས་ལ་གསོལ་བ་གདབ་པར
71a3 མོས་པར་བྱ།ཉེས་པ་བཤགས་པ་དང་།རྗེ་སུ་ཡི་རང་བ་དང་།ཡོངསུ་བསྔོ་བ་ལ་མཁས་པར་བྱ།མ་བརྟགས་པའི་སྤྱོད་ལོམ་དུ་མི་བྱ།མི་སྐྲག་པ་དང་།སྟོན་པ་དང་།བླ་མ
71a4 ལ་གནས་བཅའ་བྱས་གནས་པར་བྱའོ།།མཐུན་པར་འཛིན་པར་བྱའོ།།ཆོས་དེ་དག་ལ་ཡོངསུ་མི་སྐྱོ་བས་བསྟེན་པར་བྱའོ།།བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས
71a5 འདི་བཤད་པ་ན་སྲོག་ཆགས་སུམ་ཁྲི་ན་སྔོན་སྔམཱ་མ་བསྐྱེད་པ་ལོས་བྱང་ཆུབ་ཏུ་སེམས་སྐྱེས་སོ།།སྲོག་ཆགས་ལྔ་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང
71a6 དྲི་མ་དང་བྲལ་བ་རྣམ་པར་དག་གོ།།བྱང་ཆུབ་སེམས་དཔའ་སུམ་ཁྲི་ན་མི་སྐྱེ་བའི་ཆོས་ལོ་བཟོད་པ་སྐྱེས་སོ།།ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ནི་བྱང་ཆུབ་སེམས་དཔའ
71a7 སེམས་དཔའ་ཆེན་པོ་གཅེས་སྤྲས་བྱེད་པའོ།།གང་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སུ་བདག




iiif viewer powered by OpenSeadragon

70b - 71b

Texts on this page

N261 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo