e-texts navigator
Collection
Volume
Page
Wylie

70b1 སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཡོངསུ་སྦྱོང་བར་བྱེད་པའོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཚིག་སུ་བཅད་པ་འདི་དག་གིས་བཀའ་སྩལ་ཏོ།།རྒྱལ
70b2 བས་གང་གིས་དེ་དག་རྣམ་དག་པ།།སྟོང་ལ་མོས་པོ་ལམ་གྱི་དང་པོར་གསུངས།།དེ་ལ་རྟག་ཏུ་བག་ཡོད་གང་གནས་པ།།དེ་ནི་སངས་རྒྱས་ཐོབ་ནས་འཇིག་རྟེན་སྣང་།།སེམས་ཅན་ཀུན
70b3 ལ་རྟག་ཏུ་དང་བ་དང་།།གང་ལ་འང་ཀཱ་ཞེས་བརྗོད་པར་མི་འདོད་ཅིང་།།ང་རྒྱལ་སྤངས་ནས་སྐྱེ་བོ་རྣམས་ལ་བཟོད།།འདི་ནི་སྦྱོང་བར་བྱེད་པོའི་ལམ་གཉིས་པའོ།།སྡིག་པའི་དངོས་པོ་དྲི
70b4 མེད་གང་ཅིའང་རུང་།།བྱང་ཆུབ་མཆོག་བརྩོན་རྣམས་ལ་དེ་སྦྱིན་ཞིང་།།དེ་དག་ལས་ནི་ལོན་འདོད་མི་བྱ་སྟེ།།བྱང་ཆུབ་རོབ་མཆོག་གི་ནི་ལམ་གསུམ་པའོ།།སྙིང་རྗེ་ཅན་གྱིས་ངེས
70b5 པར་སྐྱེ་བོ་ལ།།ཟང་ཟེང་མེད་པར་རྟག་ཏུ་ཆོས་སྦྱིན་ཞིང་།།ལྷག་པའི་བསམ་པ་ཡིས་ནི་སྙིང་བརྗེ་བ།།དེ་བཞིན་མཁས་པས་སྦྱོང་བའི་ལམ་བཞི་པའོ།།རིགས་ཀྱི་བུ་གཞན་ཡང
70b6 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ལ་སྦྱོར་བར་བྱས་པས་ནི་དགོན་པ་ལ་བསྟེན་པར་བྱ།ཆོས་ཉན་དུ་འགྲོ་བར་བྱ།།གོས་གཙང་མ་དག་བཅང་བར་བྱ།།གཅིག་པུ
70b7 གནས་པར་བྱ།།སྤྱོད་ལམ་བཞིས་གནས་པར་བྱ།ཆོས་སྤྲོ་བ་རྣམས་ལ་སྣ་ཚོགས་སྦྱིན་པ་བསྒྲུབ་པའི་བསམ་པ་ལ་སྦྱར་བ་དད་མོས་པར་བྱ།དཀོན་མཆོག་གསུམ་ལ་གུས་པ




iiif viewer powered by OpenSeadragon

70a - 71a

Texts on this page

N261 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo