e-texts navigator
Collection
Volume
Page
Wylie

70a1 སངས་རྒྱས་ཚེ་དཔག་ཏུ་མེད་པ་ཡིན་ཏེ།དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་བ་ས་བྱིན་པར་གྱུར་ཏོ།།གང་སྤོབས་པ་བརྩེགས་པ་ཞེས་བྱ་བ་ཆོས་སྨྲ་བ་བྱུང་བ་དེ་ནི་དེ
70a2 བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཡིན་ཏེ།དེའི་ཚེ་དེའི་དུས་ན་ཆོས་སྨྲ་བ་སྤོབས་པ་བརྩེགས་པ་ཞེས་བྱ་བར་གྱུར་ཏོ།།གང
70a3 དག་ཁྱིམ་པ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་གཞོན་ནུར་གྱུར་པ་བཅུ་པོ་དེ་དག་ནི་རིགས་ཀྱི་བུ་འདི་དག་ཡིན་ཏེ།དེའི་ཚེ་དེའི་དུས་ན་གང་དག་གིས་ཆོས་སྨྲ་བ་སྤོབས་པ་བརྩེགས་པ་དེ་ལ
70a4 འཚལ་པའི་ཚུལ་ཁྲིམས་ཀྱིས་གླེངས་པ་སྟེ།ཁྱིམ་བདག་ཤྲིང་སཱ་ལ་ཆེན་པོ་ལྟ་བུའི་གཞོན་ནུ་བཅུ་པོར་གྱུར་ཏོ།།རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཇི་ལྟར
70a5 གནས་པས་གནས་ཀྱང་རུང་སྟེ།བྱང་ཆུབ་སེམས་དཔས་སྲོག་གི་ཕྱིར་ཡང་འཁྲུལ་པ་ལ་ལྟ་བར་མི་བྱའོ།།དེ་ཅིའི་ཕྱིར་ཞེ་ན།རིགས་ཀྱི་བུ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས
70a6 དཔའ་རྣམས་ཀྱི་བྱང་ཆུབ་ཡོང་སུ་སྤྱོད་པར་བྱེད་པའི་ཕྱིར་རོ།།བཞི་གང་ཞེ་ན།སྟོང་པ་ཉིད་སྒོམ་དང་།སེམས་ཅན་ཐམས་ཅད་ལ་ཞེ་འདྲས་པ་མེད་པའི་སེམས་དང་།བྱང་ཆུབ
70a7 སེམས་དཔའ་རྣམས་པ་རྟག་ཏུ་ཕན་པ་ཉེ་བོར་སྒྲུབ་པོ་དང་།ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་ཡང་དག་པར་བསྟན་པ་སྟེ།རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ




iiif viewer powered by OpenSeadragon

69b - 70b

Texts on this page

N261 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo