e-texts navigator
Collection
Volume
Page
Wylie

69a1 དེ་ལས་ངས་པཱུར་ཤིན་ཏུ་བྱུང་བའི་ཕྱིར།།སངས་རྒྱས་རྣམས་ལ་དྷཱི་ལྟར་མཆོད་བྱ་གླུ།དེ་བཞིན་དེ་དག་ལ་ཡང་མཆོད་པ་བྱ།།དེ་དང་དོ་དག་མགོནད
69a2 མཁས་པ་སྟེ།།ལོང་བ་རྣམས་ལ་མིག་ཀྱང་སྦྱིན་པར་བྱེད།།ལམ་ལ་རྨོངས་པ་རྣམས་ཀྱི་སྟོན་པ་སྟེ།།འཆི་བ་མེད་པའི་ཕྱོགསུ་འདྲེན་པ་ཡིན།།གལ་ཏེ་སེམས་ཅན་རྣམས
69a3 ཀྱིས་དེ་དག་ལ།།རྟག་ཏུ་དགའ་བས་ལོངས་སྤྱོད་ཀུན་བྱིན་ཡང་།།དེ་དག་རྣམས་ཀྱི་དང་པོའི་སེམས་བརྟན་པ།།དེ་ལའང་ལོན་གླན་བྱས་པར་མི་འགྱུརརོ།།དེ་ནས་བཅོམ་ལྡན་འདས
69a4 ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགོ་ཚ་བ་མེད་པར་གནས་པས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་གྲི་ལས་ཀྱི
69a5 སྒྲིབ་པ་དེ་གང་གིས་རྣམ་པར་དག་པར་འགྱུར་བའི་རྣམ་གྲངས་འགའ་ཞིག་མཆིས་ལགས་སམ།བཀའ་སྩལ་པ།ཡོད་དེ་དག་ཚ་བ་མེད་པར་གནས་པ།གལ་ཏེ་རིགས་ཀྱི་བུ
69a6 དེ་དག་རབ་ཏུ་བྱུང་ནས་གཟུངས་སྔགས་ཀྱི་གཞི་དགེ་ཟློས་པར་བྱེད་ནའོ།།སྱཱད་ཡ་ཐེ་དན།དུནྟེ།ད་ཙྪ་བ~ཾ་ཏི། ནུ་བི་ལེ། ཤཻཥེ། ཀྲི་ཏྭེ། ནཱ་ཡཱ་ཧེ། ཧྲཱི།
69a7 ཨ་བི་ཛ་རི་ཏི།བྷ་བ་ཏུ།བོག་མ།ཡུ་ཏ་ཉ་བ།པྲ་བ།ནི་གཊོ།ུ་གྲ་ཧི།ཧུ་ཏུ་མེ།ཙ་བ་ལོ།ས་དེ།སཽ་མ།ས་མ་དཾ།ཡོ་ཏེ།ན་མོ།བ་རེ་ཤོ་དྷཱི།རིགས་ཀྱི་བུ་འམ་རིགས




iiif viewer powered by OpenSeadragon

68b - 69b

Texts on this page

N261 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo