| | e-texts navigator
|
68b1 སེམས་དཔའ་སེམས་དཔའ་ཆེན་པོ་ཆེད་མོ་དང་།དགའ་བ་ཐམས་ཅད་ཉམས་སུ་མྱོང་བར་བྱེད་ཀྱང་སྲིད་པ་གསུམ་དུ་འདོད་པ་དང་།ཉོན་མོངས་པ་དང་།སྡུག་བསྔལ་རྣམས་ཀྱིས་ཟིལ་གྱིས
68b2 མི་ནོན་པར་བརྗོད་པར་བྱའོ།།རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན།སེམས་ཅན་གྱི་རོསཽ་ཉ་པ་ཞེས་བྱ་བ་ཡོད་དོ།།དེ་ནི་ཆུ་ལ་སྤྱོད་ཆུ་ལྭ་པལྟའང་དེར་འཆི་བཱར་དུས་བྱེད་པར་མི་འགྱུར་རོ།།རིགས་ཀྱི
68b3 བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་ན་སྤྱོད་ཀྱང་དེ་ཉིད་དུ་བྱོས་པའི་སྤྱོད་པ་ལ་གནསོ་ནས་ཡེ་ཤོས་ཀྱི་སྤྱོད་པ་ཚལ་ལོ།།ཆོས་ཡང་དག་པར་བླངས
68b4 པས་ཀྱང་རྨོངས་པར་མི་འགྱུར་རོ།།བྱིས་པ་དང་ལྷན་ཅིག་ཏུ་གནས་པས་སྲིད་པ་གསུམ་གྱི་སྡུག་བསྔལ་ཉམ་སུ་མྱོང་བར་ཡང་མི་འགྱུར་རོ།།དེ་བས་ན་བྱང་ཆུབ་སེམས་དཔའ་སེམས
68b5 དཔའ་ཆེན་པོས་བདག་བསྲུང་བར་བྱའོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།།བདེ་བར་གཤེགས་པ་ལ་གང་ཞིག་མཆོད་བྱ་དང་།།དེ་ལ
68b6 གང་ཞིག་ཕྱག་ཀྱང་འཚལ་འདོད་པོ།།དེས་འདིར་བདེ་གཤེགས་སྲས་རྣམས་མཆོད་པར་བྱ།།འདི་ནི་རྒྱལ་བ་རྣམས་ལ་མཆོད་པ་མཆོག།ང་ཡི་གོས་དང་ལྷུང་གཟེང་གདིང་བ་དང་།།
68b7 མལ་ཆ་དང་ནི་འཆག་ལས་གང་ཡིན་པ།།གང་དག་བྱང་ཆུབ་དོན་དུ་བརྩོན་བྱེད་པ།།དེ་དོག་ལ་ནི་ང་ཡིས་གནང་བ་ཡིན།།འདི་ལྟར་མི་མཆོག་སངས་རྒྱས་ཐམས་ཅད་ཀྱང་།།
iiif viewer powered by OpenSeadragon
68a - 69a