e-texts navigator
Collection
Volume
Page
Wylie

67b1 ནས་ཇི་སྲིད་འཚོའི་མཐར་ཐུག་གོ་བར་དུ་གཟུངས་མ་ཐོབ་པར་འཆི་བའི་དུས་བྱས་ཏེ།ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱིས་རིགས་ཀྱི་བུ་དེ་དག་བསྒྲིབས་སོ།།རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་མོས་པར་བྱའོ།།།
67b2 ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ།།ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཆོས་སྨྲ་བོ་ལ་མངོན་སུམ་དུ་མཐོང་ཡང་འཆལ་པའི་ཚུལ་ཁྲིམས་ཀྱིས་བརྗོད་པར་མི་བྱ་ན་ཐོས་པ་ལྟ་ཅི་སྨོས།རིགས་ཀྱི
67b3 གྲོང་ཞིག་སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པར་བྱེད་པ་བས་ནི་གང་ཞིག་ཆོས་སྨྲབ་ལ་གཤེ་བའི་བསམ་པས་ལྟ་བར་བྱེད་ན།དེ་ནི་དེ་བས་ཆེས་ཁ་ན་མཽ་ཐོ་བའི་ལས་ཆེ་བ་ཡིན་ནོ།།གང་ཞིག
67b4 སེམས་ཅན་ཐམས་ཅད་འཆིང་བར་བྱེད་ལ།གང་ཞིག་ཆོས་སྨྲ་བ་མཐོང་ན་རྒྱབ་ཀྱིས་ཕྱོགས་ཏེ་འདུག་པར་བྱེད་ན།བསོད་ནམས་མ་ཡིན་པ་འདྲི་ལ་བསོད་ནམས་མ་ཡིན་པ་ལྔ་མ་དེས་བརྒྱའི
67b5 ཆར་ཡང་ཉེ་བར་མི་འགྲོ།སྟོང་གི་ཆ་དང་།འབུམ་གྱི་ཆ་དང་།གྲངས་དང་།ཆ་དང་།བགྲོང་བ་དང་།དཔེ་དང་།རྒྱུར་ཡང་ཉེ་བར་མི་འགྲོའོ།།དེ་ཅིའི་ཕྱིར་ཞེ་ན།གང་ཆོས་སྨྲ་བ་ལ་སྒྱུར་བ་འདེབས་པ
67b6 དེའུ་ནི་སངས་རྒྱས་ལ་སྐུར་པ་བཏབ་པར་འགྱུར་བའི་ཕྱིར་རོ།།སངས་རྒྱས་ལ་བསྙེན་བཀུར་བྱ་བར་འདོད་པས་ཆོས་སྨྲ་བ་ལ་བསྙེན་བཀུར་བྱའོ།།སངས་རྒྱས་ལ་མཆོག་འདོད་པོ་ཆོས་སྨྲ་བ་ལ
67b7 མཆོད་པར་བྱའོ།།སངས་རྒྱས་ལ་ཕྱག་འཚལ་བར་འདོད་པས་ཆོས་སྨྲ་བ་ལ་ཕྱག་བྱའོ།།དེ་ཅིའི་ཕྱིར་ཞེ་ན།ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ལས་བྱུང་བའི་ཕྱིར་དང་།




iiif viewer powered by OpenSeadragon

67a - 68a

Texts on this page

N261 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo