| | e-texts navigator
|
82b1 རྟག་ཏུ་བྱམས་པ་ལ་གནས་ནས།།བྱས་པ་གཟོ་དང་བྱས་པ་ཚོར།།ངོ་ཚ་ཁྲོལ་ཡོད་ཕུན་སུམ་ཚོགས།།ཕྲག་དོག་ཚུལ་ཆོས་རྣམ་པར་སྤང་།།ནད་པ་རྣམས་ནི་གསོ་བྱེད་པ།།རྙེ་ང།། རིན་ཅན
82b2 འདུ་ཤེས་ཀྱིས།།དེ་དག་འདུ་ཤེས་ཉེར་གཞག་ནས།།ལེགས་པར་བཤད་པ་ཡོངསུ་བཙལ།།དེ་དག་ཐོས་པས་བདེར་འགྱུར་དང་།།ཤེས་རབ་རྣོན་པོའང་སྐྱེ་འགྱུར་ཞིང་།།འདོད་ཆགས
82b3 ཞེ་སྡང་གཏི་མུག་དག།ཐམས་ཅད་བྱམས་པས་ཞི་བར་འགྱུར།།དཔེར་ན་སྐྱེས་བུ་ཁྲུས་བྱས་ལ།།འགའ་ཡིས་ཕྲེང་བ་བྱིན་པ་ན།།ལག་པ་གཉིས་ཀྱིས་ཡོན་བླངས་ནས།།སྤྱི་བོ་ལ་ནི
82b4 འཇོག་པ་ལྟར།།དེ་བཞིན་ལེགས་བཤད་ཐོས་ནས་ཀྱང་།།དགའ་བའི་སེམས་ནི་སྐྱེ་འགྱུར་པ།།རྒྱལ་སྲིད་ཐོབ་པའང་དེ་ལྟ་བུའི།།དགའ་བ་རྙེད་པ་མ་ཡིནོ།།རྟག་ཏུ་དེ་དག་ཆོས་སྨྲ་ལ།
82b5 མཆོག་ཏུ་བླ་མར་བྱ་བ་ཡིན།།ཆོས་ནི་རྫོགས་སངས་རྒྱས་མཚན་ཏེ།།ཆོས་ནི་དགྲ་བཅོམ་རྒྱལ་མཚན་ཡིན།།སངས་རྒྱས་ཆོས་རྣམས་ཐོས་ནས་ཀྱང་།།བསྒྲུབ་པ་དག་ལ་རབ་གནས
82b6 ཤཱིང་།།ཚུལ་ཁྲིམས་ཐོས་པས་ངེས་འབྱུང་སྟེ།།དཔེར་ན་ཡར་ངོའི་ཟླ་བ་བཞིན།།མི་རྨོངས་ཞེ་སྡང་མེད་པ་ཡིས།།ལོམ་མཆོག་དག་ནི་བསྟེན་པ་དང་།།བྱིས་པ་གང་ལ་བུས་བཅས
82b7 པའི།།ལྟ་བའི་གནས་ཀྱང་རྣམ་པར་སྤང་།།སེངྒེས་སྤངས་པའི་ཝ་བཞིན་དུ།།ཟིལ་གྱིས་མནན་པས་ཆོས་རྣམས་འཆང་།།རླུང་གིས་སྤྲིན་གྱི་ཚོགས་བཞིན་དུ།།མུ་སྟེགས་ཅན
iiif viewer powered by OpenSeadragon
82a - 83a