e-texts navigator
Collection
Volume
Page
Wylie

446a1 དཔག་ཏུ་མེད་དུའི་དོན་བྱས་སོ།།གང་ཡང་ལྷས་སྦྱིན་གྱིས་དེ་བཞིན་ནཤེགས་པ་གསད་པར་བཤམས་པ་དང་།ལ་གླང་ནོར་སྐྱོང་བཏང་བ་དང་།རྡོའི་སྒྱོགས་ཆར
446a2 བཅུགས་པ་དེའང་དེ་བཞིན་གཤེགས་པའི་ཐབས་མཁས་པར་ཤེས་པར་བྱའོ།།ལས་ཀྱི་སྒྲིབ་པའི་ཉོན་རྨོངས་པ་ནི་མ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།ཐབས་མཁས་པ་འདི་ལ་གནས་ནས
446a3 སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ།།རིགས་ཀྱི་བུ་མདོར་ན་ལྷ་སྦྱིན་གྲགས་པར་འདོད་པ་དེ་ནི་ངའི་སྟོམྦྷ་པ་ཡིནོ།།ལས་ཀྱི་རྒྱུད་བཅུ་པོ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཐབས
446a4 མཁས་པར་ཤེས་པར་བྱ་སྟེ།ལས་ཀྱི་བྱ་བ་ཤིན་ཏུ་སྟོན་པའི་སེམས་ཅན་ལས་ཀྱི་རྣམ་པར་སྨིན་པ་ལ་མི་འཇུག་པའི་སེམས་ཅན་རྣམས་ལ་ཆེ་གེ་མོ་ཞིག་གི་ལས་ཀྱི་རྣམ་པར་སྨིན་པ་ནི
446a5 འདིའོ།།ཆེ་གེ་མོ་ཞིག་གིས་ལས་ཀྱི་རྣམ་པར་སྨིན་པ་ནི་འདིའོ་ཞེས་དེ་བཞིན་གཤེགས་པ་ཐབས་མཁས་པས་ལས་ཀྱི་རྒྱུད་བསྟན་ཏེ།དེ་ཐོས་ནས་ཕན་པ་བྱེད་པར་འགྱུར་རོ།།
446a6 དེ་ལྟ་བས་ན་རིགས་ཀྱི་བུ་ཐབས་མཁས་པ་བསྟན་པ་འདི་གསང་བར་གྱིས་ཤིག།སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ཀྱི་མདུན་དུ་མ་འཆད་ཅིག།དེ་ཅིའི་ཕྱིར།།
446a7 ཞེ་ན།བསྟན་པ་འདི་ནི་ཉན་ཐོས་དང་།རང་སངས་རྒྱས་ཀྱི་སའང་མ་ཡིན་ན།སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ཀྱིས་ལྟ་ཅི་སྨོས།དེ་ཅིའི་ཕྱིར་ཞེ་ན།དེ




iiif viewer powered by OpenSeadragon

445b - 446b

Texts on this page

N246 - 'phags pa thabs mkhas pa zhes bya ba theg pa chen po'i mdo