e-texts navigator
Collection
Volume
Page
Wylie

445a1 གཅོད་པར་བྱེད་པ་མང་པོ་ལྷགས་ནས།ལྷའི་བུ་དེ་དག་དང་།སེམས་ཅན་དེ་དག་ལས་ཀྱི་ལམ་ལ་གཞུག་པའི་ཕྱིར།དེ་བཞིན་གཤེགས་པས་སྲོག་གཅོད་པའི་ལྷག་མ
445a2 ལུས་པས་དེ་བཞིན་གཤེགས་པའི་དབུ་བསྲུང་བར་གྱུར་ཏཱ་ཞོས་ལས་ཀྱི་རྒྱུད་དེ་བསྟན་ཏེ།དེ་བསྟན་པ་ནི་ཚེ་དེ་བཞིན་གཤེགས་པས་ལྷ་དང་མིའི་སྐྱེ་དགུ་སྟོང་ཕྲག་བཅུ་བཏུལ་ཏེ།དེའང་དེ
445a3 བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི།ལས་ཀྱི་སྒྲིབ་པ་ནི་མ་ཡིན་ནོ།།ཅིའི་ཕྱིར་ན་བྲམ་ཟེ་པ་ར་དྭ་ཛས་དེ་བཞིན་གཤེགས་པ་ལ་མི་སྙན་པོ་ལྔ་བརྒྱ་སྨྲས་ན་དེ་བཞིན་གཤེགས་པ
445a4 འང་བཟོད་པར་མཛད་ཅེ་ན།དེ་བཞིན་གཤེགས་པ་ནི་བྲམ་ཟེ་བ་ར་དྭ་ཛས་མི་སྙན་པར་སྨྲ་བ་ཕྱོགས་གཞན་དུ་འཕང་བའམ།ངག་གི་ལས་གཅིག་བྱུང་བར་ཡང་མི་ནུས་མོད་ཀྱི།འཁོར་དེའི་ན
445a5 ན་ལྷ་དང་མི་མང་པོ་ཚོགས་པར་གྱུར་པས་དེ་དག་གིས་དེ་བཞིན་གཤེགས་པའི་བཟོད་པའི་སྟོབས་བསྐྱེད་པར་མཐོང་སྟེ།དེ་བཞིན་གཤེགས་པ་མི་ཁེངས་མ་དུད་ཅིང་སེམས་མཉམ་པའི་བདེ
445a6 པའི་དངོས་པོ་དང་ལྡན་པ།སེམས་བརྟན་པ།སེམས་མཉེན་པ་ངེས་པར་མཐོང་ནས་སྲོག་ཆགས་བཞི་སྟོང་གིས་བླ་ན་མོད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ།
445a7 དོན་དེ་གཟིགས་ནས་དེ་བཞིན་གཤེགས་པས་བྲམ་ཟེ་བ་ར་དྭ་ཛས་མི་སྙན་པར་སྨྲ་བ་བཏང་སྙོམསུ་གཞག་གི།དེ་བཞིན་གཤེགས་པ་ལ་གང་ནའང་ལས་ཀྱི་སྒྲིབ་པ་མེད་དོ་དེའང་དེ་བཞིན




iiif viewer powered by OpenSeadragon

444b - 445b

Texts on this page

N246 - 'phags pa thabs mkhas pa zhes bya ba theg pa chen po'i mdo