| | e-texts navigator
|
443b1 གསེག་མ་དང་།།གྱོ་མོ་གསོལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དེ་འདྲ་བའི་རོ་བྲོ་བ་མཆོག་མེད་དེ།གང་བོད་པ་དང་།གསེག་མ་དང་།
443b2 གྱོ་མོ་ལས་གྱུར་པ་དེ་འདྲ་བར་རོའི་མཆོག་ཏུ་འགྱུར་བ་དེ་ལྟ་བུའང་མེད་དོ།།དེ་ཅིའི་ཕྱིར་ཞེ་ན།དེ་ལྟར་དེས་ན་རོ་བློ་བའི་མཆོག་ཅེས་བྱ་བའི་སྐྱེས་བུ་ཆེན་པོའི་མཚན
443b3 ཐོབ་པའི་ཕྱིར་རོ།།རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པའི་ཞོལ་ཟས་ཐམས་ཅད་མཆོག་ཡིན་པར་ཤེས་པར་བྱའོ།།རིགས་ཀྱི་བུ་གནས
443b4 བརྟན་དགོའ་བོས་དེ་བཞིན་གཤེགས་པ་ནི་འཁོར་ལོས་བསྒྱུར་བའི་མིང་བོར་ནས་གསལ་བར་གྱུར་ཏོ་ཞེས་སྙིང་རྗེ་བར་གྱུར་པ་དང་།དེ་བཞིན་གཤེགས་པས་དེའི་སེམས
443b5 ལ་བརྟགས་ནས་ནས་ཀྱི་འབྲུམ་བུ་གཅིག་བྱིན་ཏེ།དགའ་བོ་འདི་ཅིའི་རོ་ཤེས་སམ་ཞེས་བྱས་པ་དང་།དེས་ཟོས་ནས་ངོ་མཚར་ཐོབ་པར་གྱུར་ཏེ།ང་ལ་འདི་སྐད་ཅེས་སྨྲས་སོ།།
443b6 བཅོམ་ལྡན་འདས་བདག་ནི་རྒྱལ་པོའི་ཕོ་བྲང་དུ་སྐྱེས།རྒྱལ་པོའི་ཕོ་བྲང་དུ་སྐྱེས་ན་འདི་ལྟ་བུའི་རོ་མཆོག་སྔོན་འཚལ་མ་མྱོང་ངོ་ཞེས་ཚེ་དང་ལྡན་པ་དགའ་བ་དེའི་མཐུས
443b7 དགའ་ཞིང་བདེ་སྟེ།ཟོས་མེད་པར་ཉི་མ་བདུན་འདས་སོ།།རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པ་ལ་ནི་གང་ནའང་ལས་ཀྱི་སྒྲིབ་པ
iiif viewer powered by OpenSeadragon
443a - 444a