| | e-texts navigator
|
406b1 སེམས་རངས་པར་བྱའོ།།ཞེ་དེ་སྐད་ཅེས་བཀའ་སྩལ་ནས།བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བྱང་ཆུབ
406b2 སེམས་དཔའ་སེཾདེའ་ཆེན་པོ་རྣནྡ་ཀྱི་ཐསྣ་མ་ཁྱབ་པ་ཐབས་མཁས་པ་ཞེས་བགྱི་བའི་ཐོངས་མཁས་པ་དེ་གང་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ
406b3 སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རིགས་ཀྱི་བུ་འདྲི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པོ་ནི་ཟས
406b4 ཁམས་གཅིག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།།དེ་ཅིའི་ཕྱིར་ཞེ་ན།རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་བྱོལ
406b5 སོང་དུ་གཏོགས་པ་ལ་ཟོས་ཁམ་གཅིག་སྦྱིན་པར་བྱེད་པ་དེའང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྗོན་པ་ཡིན་ཏེ།དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་ལ་བསྔོའོ།།།
406b6 དེ་ནི་རྒྱུ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།།གཉིས་པོ་གོང་ཞེ་ན།ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་།བསྔོ་བའོ།།རིགས་ཀྱི་བུ་གཞན་ཡང
406b7 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་ཕ་རོལ་གྱི་དགེ་བའི་རྩ་བ་ལ་ཡི་རང་བར་བྱེད་དོ།།ཡི་རང་བར་བྱས་ནས་སེམས་ཅན་ཐམས་ཅད་ལ་བསྔོ་སྟེ།དེ
iiif viewer powered by OpenSeadragon
406a - 407a