| | e-texts navigator
|
406a1 དགའ་ར་བ་ན།དགེ་སློང་བརྒྱད་ཁྲི་བཞི་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།བྱང་ཆུབ་སེམས་དཔའ་མངོན་པར
406a2 ཤེས་པ།མངོན་པར་ཤེས་པ་གཟུངས་ཐོབ་པ་སྤོབས་པ་ཐོགས་པ་མེད་པ་ཁྲི་དྲུག་སྟོང་དང་ཡང་ཐབས་ཅིག་སྟེ།ཡང་དེའི་ཚེ་ན་དེ་ཙམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས
406a3 བཞེངས་པར་གྱུར་ཏེ།འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ནས་ཆོས་འཆད་དོ།།ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ཞེས་བྱ
406a4 བ་ཞིག་འཁོར་དེར་འོངས་ཏེ་འདུག་པར་གྱུར་ཏོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་བློ་གོས་ཕྲག་པ་གཅིག་ལྔ་གཟར་ནས་པུས་མོ་གཡས་པའི་ལྷོང
406a5 ས་ལ་བཙུགས་ཏེ།བཅོམ་ལྡན་འདས་གཽ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ
406a6 བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན།བཅོམ་ལྡན་འདས་ལོ་བདག་ཕྱོགས་འགའ་ཞིག་ཞུའོ་ཞེས་དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་།
406a7 དའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མོ་ལ་རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པས་ཅི་དང་ཅི་འདོད་པ་དྲིས་ཤིག་དང་།དྲིས་པ་ལུང་བསྟན་པ་དེ་དང་དེ་ཉིད་ཀྱིས་ངོས་ཁྱོད་ཀྱི
iiif viewer powered by OpenSeadragon
405b - 406b