e-texts navigator
Collection
Volume
Page
Wylie

405a1 སེམས་དཔའ་ཆེན་ངོས་ཆོས་ཐམས་ཅད་ལ་དེ་ལྟར་རྟོགས་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ།།འདི་ལྟ་སྟེ།བཅོམ་ལྡན་འདས།བྱ་བ་རཱ་ཛ།།
405a2 མཱན་ཏཀྵ་ཡ།ཛི་ན་ཛྲ་ལ།ཛ་ན་ནི་མ་མྱཱ་ནི་ཧ་ར། ན་ཡ་ཕ་ལ།གུ་ཎ་གརྦྷ།ནི་ཡ་མ་སུ་རི་ནཱ་ཡ།བུ་བ་ཤ།ཤ་ཏ་ཤ་བ།ཤཱ་མ་ཤཱ་ན།ཏ་ཐཱ་ཀ་མ།ཤ་མོ་གུ།མཱ་ཏུ
405a3 ཤི་ཥ།ཤ་མ་ཙེ་ཏ་ནཱི་ཡཱ།ཀླེ་ཤཱན་ཏ་སཾ་ཤཾ་ཥ་ཎཾ་སྭཱ་ཧཱ།བཅོམ་ལྡན་འདས་ཀྱིས་དཀའ་སྩལ་པི།ལེགས་སོ་ལེགས་སོ།།རིགས་ཀྱི་བུ་ཁྱོད་ཀྱིས་མིཔྲ་ལས་རྒྱལ་བར་བྱེད་པའི
405a4 སེང་གེའི་འགྲོས་ཀྱི་ཕྱིར་བསྒྱིངས་པའི་གཟུངས་འདིས་སེམས་ཅན་དགེ་འཆི་བའི་ཚེ།ཐ་མའི་རྣམ་པར་ཤེས་པ་ཉོན་མོངས་པའི་སྒྲིབ་པཾ་དང་།ལས་ཀྱི་སྒྲིབ་པ་དང་།ཆོས་ཀྱི་སྒྲིབ་པ
405a5 ཡོད་པ་སྤྲུག་པ་དང་།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གཏོང་ནུས་སོ།།ཁྱོད་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད།གྲངས་མེད་པར་འགྲོ་བ་དང་།སེམས་ཅན་རྣམས་ལ
405a6 སྙིང་རྗེའི་དབང་གིས་གྲོང་དང་།གྲོང་ཁྱེར་དང་།གྲོང་རྡལ་དང་།ལྗོངས་དང་།ཡུལ་འཁོར་དང་།རྒྱལ་པོའི་ཕོ་བྲང་དུ་གཟུགས་དང་།ཆ་ལུགས་དང་།སྤྱོད་ལམ་སྣ་ཚོགས་ཀྱིས་ཐེག་པ
405a7 ཆེན་པོའི་མདོ་སྡེ་སྣ་ཚོགས་འཆད་པ་དང་།སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་།རྒྱལ་རིགས་གདོལ་པ་ནས་དགེ་སྦྱོང་གདོལ་པའི་བར་དུ་སྡིག་པའི་ཆོས་ལས་སྤང་བ་དང་།ཐམས




iiif viewer powered by OpenSeadragon

404b - 405b

Texts on this page

N245 - 'phags pa nam mkha'i snying po zhes bya ba theg pa chen po'i mdo