e-texts navigator
Collection
Volume
Page
Wylie

404b1 སྣ་དང་།ལྕེ་དང་།ལུས་ལའང་བརྗོད་པར་བྱའོ།།རིགས་ཀྱི་བུ་འདྲི་སྙམ་དུ་སེམས།ན་མཁའ་ཡིད་ལ་གནས་པ་ནས་ཡིད་ཀྱིས་ཀུན་ཏུ་རིག་པའི་རྐྱེན་གྱིས་ཚོར་བ་གསུམ་འབྱུང་བ་དེ་ལ་ན་མཁ།
404b2 གནས་སམ།གསོལ་པ།བཅོམ་ལྡན་འདས་དེ་མ་ལགས་སོ།།རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས།སེམས་ཅན་ན་མཁའ་ལ་གནས་སམ།གསོལ་པ།བཅོམ་ལྡན་འདས་དེ་མ་ལག་སོ།།
404b3 རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས།ན་མཁའ་སེམས་ཅན་ལ་གནས་སམ།གསོལ་པ།བཅོམ་ལྡན་འདས་དེ་མ་ལགས་སོ།།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་བྱང
404b4 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་གཅིག་ལ་གཅིག་མི་རྟེན་ཏོ།།གཅིག་ལ་གཅིག་སྤྱོད་ཡུལ་མ་ལགས་སོ།།།
404b5 བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རྟོག་པ་མ་མཆིས་པ།སྟོང་པ་ཉིད་དེ།སྒྲོ་མ་བཏགས་པ།ཡང་དག་པའི་མཐའ་དེ་བཞིན་ཉིད་དུ་རྟོགས་པར་བགྱིའོ།།བཅོམ་ལྡན་འདས་ནམ
404b6 མཁའི་སྙིང་པོ་ནི་འདི་ལྟ་སྟེ།རང་གི་མཚན་ཉིད་ཐ་མི་དད་པ།མི་རྟོག་པ།རྣམ་པར་མི་རྟོག་པ།མི་གཡོ་བ།གསོབ་ལགས་ཏེ།མྱུ་གུ་མ་མཆིས་པ།ས་བོན་མ་མཆིས་པ།
404b7 འབྲས་བུ་མ་མཆིས་པ།རྣམ་པར་སྨིན་པ་མ་མཆིས་པ།ཡི་གེ་མ་མཆིས་པ།རློམ་སེམས་མ་མཆིས་པ་ལགས་སོ།།བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

404a - 405a

Texts on this page

N245 - 'phags pa nam mkha'i snying po zhes bya ba theg pa chen po'i mdo