e-texts navigator
Collection
Volume
Page
Wylie

403a1 ནུས་སོ།།དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའ་སྙིང་པོ་འདི་ནི་ཐབས་དང་ཤེས་ཀྱི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་དུང
403a2 ལྡན་ནོ།།སངས་རྒྱས་ཀྱི་ཡོན་ཏན་ཆེན་པོ་དང་ལྗོན་ནོ།།དེ་བས་ན་རིགས་ཀྱི་བུ་དེའི་ཡན་ལག་གི་མཆོག་མགོ་བོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདུག་པར་སྣང་ངོ་།།དེ་ནོས་དེའི་ཚེ
403a3 འཁོར་འདས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའི་སྙིང་པོ་ལ་ངོ་མཚར་ཐོབ།རྨད་དུ་བྱུང་བ་ཐོབ།བླ་མ་ལ་བཀུར་སྟི་དང་།བསྟི་སྟང་དུ་བྱ་བ
403a4 ཐོབ་པར་གྱུར་ནས་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམཁའི་སྙིང་པོ་ལ་མཆོད་པ་དང་།བཀུར་སྟི་སྣ་ཚོགས་ཀྱིས་བཀུར་སྟིར་བྱེད།མ
403a5 ཏོག་དང་།སྤོས་དང་།ཕྲེང་བ་དང་།བྱུག་པ་དང་།མཽར་མེ་དང་།བདུག་པ་དང་།གདུགས་དང་།རྒྱལ་མཚན་དང་།བ་དན་དང་།ཆོས་གོས་དང་།རྒྱན་དང་།གོས་དོང་།བསྟོད།
403a6 པ་དང་།གླུ་དང་།སིལ་སྙན་དག་གིས་མཆོད་པ་བྱེད་དོ།།བྱང་ཆུབ་སེམས་དཔའ་ན་མཁའི་སྙིང་པོ་དེས་ཀྱང་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ཕུལ་ལོ།།ཕུལ་ནས་བཅོམ་ལྡན
403a7 འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་འདི་སྐད་ཅེསོ་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན




iiif viewer powered by OpenSeadragon

402b - 403b

Texts on this page

N245 - 'phags pa nam mkha'i snying po zhes bya ba theg pa chen po'i mdo