| | e-texts navigator
|
24b1 དཔའ་རྣམས་ལ་ཆགས་པ་འཆལ་བ་ལགས།ཇི་ལྟར་ན་ཆགས་པ་རྣམས་ལ་སྤྱོད་པ་ལགས།ཇི་ལྟར་ན་ཆགས་པར་ཞེན་པ་ལ་ལྟ་བ་ལགས།ཇི་ལྟར་ན་ཆགས་པ་མ་མཆིས་པ་སྲུང་བ་ལགས།བཀའ་སྩལ
24b2 པ།ཆགས་པ་ཤེས་པར་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ།།ཆགས་པ་རྣམས་ལ་སྤྱད་པ་ནི་སྐྱེ་མཆེད་དྲུག་བཅད་པའོ།།ཆགས་པར་ཞེན་པ་ལ་ལྟ་བ་ནི་སོ་སོའི་སྐྱེ་བོ
24b3 ཡོངསུ་སྨིན་པར་བྱ་བའོ།།ཆགས་པ་མེད་པ་སྲུང་བ་ནི་སྐྱོན་མེད་པར་མི་འཇུག་པ་སྟེ།དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་འཇིགས་པར་གྱིས་ཤིག།མངོན་པར་དགའ་བ་མེད་པར
24b4 གྱིས་ཤེག།སྙིང་རྩེ་བ་མེད་པར་གྱིས་ཤིག།སྙིང་རྗེ་བོ་མེད་པར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཇིགས་པར་བགྱིད་པ་ལགས།ཇི
24b5 ལྟར་ན་མངོན་པར་དགའ་བ་མ་མཆིས་པ་ལགས།ཇི་ལྟར་ན་སྙིང་བརྩེ་བ་མ་མཆིས་པ་ལགས།ཇི་ལྟར་ན་སྙིང་རྗེ་བི་མ་མཆིས་པ་ལགས།བཀའ་སྩལ་པ།འཇིགས་ཞེས་བྱ་བ་ནི་ཉན་ཐོས
24b6 རང་རང་སངས་རྒྱས་ཀྱི་སས་འཇིགས་པའོ།།མངོན་པར་དགའ་བ་མེད་ཅེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་དགའ་བ་མེད་པའོ།།སྙིང་བརྩེ་བ་མེད་པ་ནི་ཕྱི་རོལ་གྱི་དངོས
24b7 བོ་རྣམས་ཡོངསུ་བཏང་བ་ལའོ།།སྙིང་རྗེ་བ་མེད་པ་ནི་ནང་གི་དངོས་པོ་མགོ་ལ་སོགས་པ་ཡོངསུ་བཏང་བ་ལ་སྟེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དེ་ལྟ་བས་ན་བདེན་པའང་ཁོང་དུ་ཆུད་པར་གྱིས་ཤིག།
iiif viewer powered by OpenSeadragon
24a - 25a