e-texts navigator
Collection
Volume
Page
Wylie

135b1 གྱུར་ཏོ།།ཡང་དེའི་ཚེ་བསོད་ནམས་ཀྱི་སྟོབས་ཇི་ལྟ་བུ་བཞིན་དུ་རྒྱུ་མཐུན་པའི་རྒྱུའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉམ་པར་གཞོག་པ་དེ་དག་རང་།བྱང་ཆུབ
135b2 སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བྱེད་པ་དེ་དག་ལས་ཁ་ཅིག་གི་ལུས་ལས་འོད་འདི་ལྟ་བུ་བྱུང་སྟེ།དཔེར་ན་མར་མེའི་འོད་ལྟ་བུའོ།།ཁ་ཅིག་གི་ནི་སྐར་མདའ་དང་མཉམ་པ
135b3 དགོ།ཁ་ཅིག་གི་ནི་བརྒྱ་བྱིན་དང་མཉམ་པ་དག་གོ།ཁ་ཅིག་གི་ནི་མི་འཇེད་ཀྱི་བདག་པོ་ཚངས་པ་དང་མཉམ་པ་ནས་ཁ་ཅིག་གི་ནི་ཟླ་བ་དང་མཉམ་པའི་བར་དག་གོ།ཁ་ཅིག་གི་ནི་ཉི
135b4 མ་དང་མཉམ་པ་དག་གོ།ཁ་ཅིག་གི་ནི་ཉི་མ་གཅིག་དང་མཉམ་པ་དག་གོ།ཁ་ཅིག་གི་ནི་ཉི་མ་གསུམ་དང་མཉམ་པ་དག་གྲོ།ཁ་ཅིག་གི་ནི་ཉི་མ་ལྔ་དང་མཉམ་པ་དག་གོ།།ཁ་ཅིག་གི
135b5 ནི་ཉི་མ་སྟོང་དང་མཉམ་པའི་བར་དག་གོ།ཁ་ཅིག་གི་ནི་ལུས་ལས་ནི་ཉི་མ་བྱེ་བ་བརྒྱ་སྟོང་དང་མཉམ་པའི་འོད་དག་བྱུང་སྟེ།མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་སྔོན་མ་མཐོང
135b6 མ་ཐོས་པའི་སྣང་བ་ཆེན་པོ་རྒྱ་ཆེ་བ་དེ་ལྟ་བུས་འཇིག་རྟེན་ཁྱབ་པར་གྱུར་ཏོ།།དེ་དག་གི་ལུས་ལས་མཆོག་ཏུ་སེམས་ཅན་གཞན་དག་གི་ལུས་དང་སེམས་ཀྱི་བདེ་བ་ལ་རག་པ་དང་།དགར།
135b7 པ་དང་།རབ་ཏུ་ཚིམ་པར་བྱེད་པ།ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ།ལྟ་བ་ངན་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ།ལུས་ཀྱི་གནས་ངན་ལེན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ




iiif viewer powered by OpenSeadragon

135a - 136a

Texts on this page

N242 - 'phags pa shin tu rgyas pa chen po'i sde nyi ma'i snying po zhes bya ba'i mdo