e-texts navigator
Collection
Volume
Page
Wylie

135a1 བདེ་བ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་དང་།ཇི་ནས་སངས་རྒྱས་ཀྱི་ཞིང་འདི་ཤིན་ཏུ་ཡོན་ཏན་དག་གིས་བསྒོ་བར་བྱ་བའི་ཕྱིར་དང་།ཕྱོགས་བཅུ་ན་གནས་པའི་སངས
135a2 རྒྱས་ཀྱི་ཞིང་གཞན་ཐམས་ཅད་ཀྱང་བསྒྲེ་བའི་འོས་སུ་གྱུར་པ་དང་།བླ་མ་ལ་གུས་པ་དང་།ཕྱག་བྱ་བའི་འོས་སུ་གྱུར་པར་བྱ་བའི་ཕྱིར་བོདག་ཅག་རླུང་དུ་ཡང་དག་པར་འཇོག་པར་བཞེད་པས
135a3 མ་ལ་བདག་ཅག་གིས་དེ་དེ་བཞིན་གཤེགས་པའི་དགོངས་པ་ཡོངས་སུ་རྫོགས་པར་བྱ་སྟེ།བདག་ཅག་ཐམས་ཅད་ཀྱིས་སོའི་སྟེང་དུ་སྐྱིལ་མོ་ཀྲུང་གིས་འཁོད་པར་བྱ་ཞིང་།རང་རང་གི་རྣམ
135a4 པ་སྣ་ཚོགས་ཀྱི་མཆོག་ཐམས་ཅད་དང་ལྡན་པའི་བཟོད་པ་དང་།གཟུངས་དང་།ཏིང་ངེ་འཛིན་དང་།རྣལ་འབྱོར་དག་གིས་གནས་པོ་དག་ཏུ་བྱེ་གོར་མ་ཆོགོ་སྙམ་མོ།།དེ་ནས་དེའི་ཚེ་བྱང
135a5 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསྐལ་པ་བརྒྱས་ངེས་པར་བྱུང་བ་དགྲ་དང་།གང་དགས་བཅུ་དག་དང་།གང་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་གནས་པའི་བར་དག་དང་།
135a6 གང་དག་སངས་རྒྱ་སྤྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གཞན་ལ་རག་མ་ལས་པའི་ཡེ་ཤེས་ལ་མཁས་པ་དག་དང་།མི་འཇིགས་པ་ཐོབ་པ་དག་གི་བར་དེ་དག་ཐམས་ཅད་ས་སྟེང་འདིར
135a7 སྐྱིལ་མོ་ཀྲུང་གིས་འཁོད་པར་གྱུར་ཏོ།།དེ་བཞིན་དུ་རང་རང་གི་རྣམ་པ་སྣ་ཚོགས་ཀྱི་མཆོག་ཐམས་ཅད་ཀྱི་བཟོད་པ་དང་།གཟུངས་དང་།ཏིང་འཛིན་དག་ལ་མཉམ་པར་བཞིག་པ་དག་ཏུ




iiif viewer powered by OpenSeadragon

134b - 135b

Texts on this page

N242 - 'phags pa shin tu rgyas pa chen po'i sde nyi ma'i snying po zhes bya ba'i mdo