| | e-texts navigator
|
134b1 བཤད་དོ།།ཉན་ཐོས་བདེན་པས་འདུལ་བ་ནི།།སྲིད་པའི་མཚོ་ལས་ངས་བསྨྲའོ།།བྱང་ཆུབ་སྤྱོད་པ་ཐམས་ཅད་ཀྱང་།།ཕྱི་ནས་ཁྱེད་ལ་བསྟན་པར་བྱའོ།།དེ་ནས་དེའི་ཚེ་ཐམས་ཅད་དང་ལྡན་པའི
134b2 མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་གཏོགས་པའི་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ།ཀྱེ་མོ་ད་ལྟར་དེ་བཞིན་གཤེགས་པ་འདི་ནི་ཉན་ཐོས་ཀྱི་གཏམ་ཡང་དག་པར་རབ་ཏུ་སྟོན་པར་མཛད
134b3 ཀྱི་ཐེག་པ་ཆེན་པོའི་གཏམ་ནི་མི་མཛད་དོ་སྙམ།།དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་ཏེ།ཀྱེ་མ་ད་ལྟར་དེ་བཞིན་གཤེགས་པ་འདི་ནི་སངས་རྒྱས་ཀྱི་ཞིང
134b4 འདིར་ས་ཡོངསུ་སྤྱད་པའི་ཕྱིར་དང་།མ་འོངས་པའི་དུས་ན་ཆོས་ཀྱི་ཚུལ་རིང་དུ་གནས་པར་བྱ་བའི་ཕྱིར་དང་།དེ་ལྟར་སངས་རྒྱས་ཀྱི་ཞིང་འདིར་གང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད
134b5 པར་བྱ་བའི་ཕྱིར་དོང་།མོ་འོངས་པའི་དུས་ན་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།སྲིན་པོ་དང་།ལྷོ་མ་ཡིན་དང་།ན་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་དང་།མཽ་དང་།མི་མ
134b6 ཡིན་པ་མ་དོད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་།དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་དང་།སེམས་ཅན་ཆོས་ལ་མངོན་པར་བརྩོན་པ་དག་དང་།ཆོས་ལ་གནས་པ
134b7 དག་དང་།ཡོན་ཏན་གྱིས་ཕྱུག་པ་དག་དང་།ཚུལ་ཁྲིམས་ཀྱི་དྲི་དང་ཡང་དག་པར་ལྡན་པ་རྣམས་བདེ་བོ་ལ་རེག་པ་དང་ནརྣམ་པར་ཐོ་འཚམ་པ་མེད་པར་བྱ་བའི་ཕྱིར་དང་།བྱང་གྲོལ་གྱི
iiif viewer powered by OpenSeadragon
134a - 135a