e-texts navigator
Collection
Volume
Page
Wylie

132b1 གནས་པ་ལུང་བསྟན་པ་སྟོན་པ་ན་ཅང་མི་སྤྲོ་བར་འཁོད་དེ།ཐམས་ཅད་དང་ལྡན་པའི་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ས་དང་ན་མཁའི་ལམ་གང་བར་གྱུར་ཅིང་།ད་དུང་བཅོམ་ལྡན་འདས་ཀྱི
132b2 ཆོས་ཀྱིས་ཆར་གྱི་སྟོན་པས་ཚིམ་པར་མི་གྱུར་ནས་ཐལ་མོ་དག་རབ་ཏུ་སྦྱར་ཏེ།བཅོམ་ལྡན་འདས་ཁོ་ན་ལ་བལྟ་ཞིང་འཁོད་པ་ནི་དཔེར་ན་ནད་པ་དག་སྨན་པ་ལ་ལྟ་བར་བྱེད་པ་བཞིན་དང་།མུན་པས
132b3 ཁེབས་པ་དག་སྣང་བ་ལྟ་བར་བྱེད་པ་བཞིན་དང་།ཆུ་བོས་ཁྱེར་བ་དག་ཆུ་འགྲམ་དུ་ལྟ་བར་བྱེད་པ་བཞིན་དང་།སྡུག་བསྔལ་བར་གྱུར་པ་དག་སྐྱབས་ལ་ལྟ་བར་བྱེད་པ་བཞིན་ཏེ།།ད་ལྟར་མི་མཇེད་ཀྱི
132b4 སངས་རྒྱས་ཀྱི་ཞིང་ཐམས་ཅད་ས་དང་ན་མཁའི་ལམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་།ཉན་ཐོས་དག་དང་།དབང་པོ་བརྒྱ་བྱིན་དག་ནས་ལྟོ་འཕྱེ་ཆེན་པོའི་དབང་པོ་དག་གི
132b5 ཐེ་རེ་དང་།འདོད་པ་ན་སྤྱོད་པ་དང་།གཟུགས་ན་སྤྱོད་པའི་ལྷ་གཞན་དང་གཞན་དག་ནས་མི་དང་མི་མ་ཡིན་པ་རྣམས་གཞན་དང་གཞན་དག་གི་བར་བཅོམ་ལྡན་འདས་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ
132b6 པོ་ལ་ལྟ་ཞིང་ཐལ་མོ་རབ་ཏུ་སྦྱི་ཏེ་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ།།དེའི་ཚེ་ཚངས་པ་ཆེན་པོ་པདྨ་འབར་བའི་དཔལ་ཞེས་བྱ་བ་སངས་རྒྱས་མང་པོ་ལ་ལྷག་པར་བྱ་བ་བྱས་པ་དགེ་བའི་རྩ་བ
132b7 བསྐྱེད་པ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ།ཆོས་ལ་དམིགས་པའི་བྱམས་པ་ཤིན་ཏུ་ཡོངསུ་སྦྱོང་བ་བྱས་པར་གྱུར་ཏོ།།དེ་ནས་ཚངས་པ་ཆེན་པོ་པདྨ




iiif viewer powered by OpenSeadragon

132a - 133a

Texts on this page

N242 - 'phags pa shin tu rgyas pa chen po'i sde nyi ma'i snying po zhes bya ba'i mdo