e-texts navigator
Collection
Volume
Page
Wylie

132a1 བརྗོད་དུ་མེད་པ་དག་གིས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟསོ།།དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ནས་དེར་འདུས་ཏེ་ལྷགས་པའི་ཉན
132a2 ཐོས་ཆེན་པོ་གྲངས་མེད།དཔག་ཏུ་མེད།བརྗོད་དུ་མེད་པ་དག་གིས་ཀྱང་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་སོ།།དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ནས
132a3 འདིར་ལྷགས་པ་བརྒྱ་བྱིན་དང་།ཚངས་པའི་དབང་པོ་དང་།ལྷའི་དབང་པོ་དང་།ཀླུའི་དབང་པོ་དང་།གནོད་སྦྱིན་གྱི་དབང་པོ་དང་།དྲི་ཟའི་དབང་པོ་དང་།ལྷ་མ་ཡིན་གྱི་དབང་པོ་དང་།ནམ་མཁའ
132a4 ལྡིང་གི་དབང་པོ་དང་།མི་འམ་ཅིའི་དབང་པོ་དང་།ལྟོ་འཕྱེ་ཆེན་པོའི་དབང་པོ་གྲངས་མེད།དཔག་ཏུ་མེད།བརྗོད་དུ་མེད་པ་དག་གིས་ཀྱང་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ས་དང་ནཾ
132a5 མཁའ་ལ་འགྲོ་བའི་ལམ་གང་བར་གྱུར་ཏོ།།དེ་བཞིན་དུ་འདོད་པ་ན་སྤྱོད་པ་དང་།གཟུགས་ན་སྤྱོད་པའི་ལྷ་གཞན་དང་གཞན་དག་དང་།ཀླུ་དང་།གནོད་སྦྱིན་དང་།སྲིན་པོ་དང་།ལྷ་མ
132a6 ཡིན་དང་།ན་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་གཞན་དང་གཞན་གྲངས་མོད་དཔག་ཏུ་མེད་པ་དག་ཀྱང་ལྷགས་ནས་བཅོམ་ལྡན་འདས་ལོ་གྱེན་དུ་ལྟ་ཞིང་།བཅོམ་ལྡན
132a7 འདས་རིང་པོ་མི་ཐོགས་པར་མཐར་ཕྱིན་པ།ནམ་མཁའ་ལྟར་སྣང་བ།བྱང་ཆུབ་སེམས་དཔའ་སྦྱོར་བ་རབ་ཏུ་འབྱེད་པ།དབུགས་རྔུབ་པ།འབྱུང་བ་དྲན་པ་འཆི་བ་མེད་པའི་སྒོ།།ཚངས་པའི




iiif viewer powered by OpenSeadragon

131b - 132b

Texts on this page

N242 - 'phags pa shin tu rgyas pa chen po'i sde nyi ma'i snying po zhes bya ba'i mdo