e-texts navigator
Collection
Volume
Page
Wylie

101a1 བཅུ་དྲུག་ཆར་མི་འགྱུར་ཞེ་ན།།བྱིས་པ་ལ་ལ་གསོད་ཅིང་འཆི་བྱེད་འདིར།།གཞུན་ནོར་མ་བྱིན་ལེན་བྱེད་བརླག་པར་འགྱུར།།མཆི་མའི་གདོང་བཅཝས་ཆུད་པར་བཅས
101a2 པ་ཡི།།ཡོན་དེའི་མཆོད་སྦྱིན་མཐུན་པའི་ལམ་མི་འགྲོ།དེ་ལྟར་མཆོད་སྦྱིན་ཡང་ཤིང་རྒྱ་ཆེ་བ།།མཆོད་སྦྱིན་མཐུན་པའི་ལམ་དུ་མི་འགྲོ་ལ།།དེ་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་།།
101a3 དེ་ཡི་བཅུ་དྲུག་ཆར་ཡང་མི་བྱེད་དོ།།ལ་ལ་གང་དགྲ་གཟུ་ལུ་མས་མ་ཡིན་པོ།།ཆོས་བཞིན་ནོར་རྣམས་ཐོབ་པ་གཏོང་བྱེད་པ།།དེ་དག་བཏང་དག་འདི་རྣམས་བཏང་བས་ནོ།།རང་གི་བསོད་ནམས
101a4 ཀྱིས་ནི་ལྷ་གནས་འགྲོ།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།ཆོས་གསུམ
101a5 པ་ཞེས་བྱ་བའི་མདོ་རྫོག་སོ།།།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དེ་པ་ཅན་དྲས་བསྒྱུར།ལོཙྪ་བ་དཔྲལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ
101a6 ཕུབ་པ།།།རྒྱ་གར་སྐད་དུ།ཨཱརྱ་དྷརྨ་ཀ་ཏུ་དྡྷ་ཛ་པ་རེ་བྲི་ཚ་ན་མ་མ་ཧཱ་ཡཱན་སཱུ་ཏྲ།བིདི་སྐད་དུ།2ཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་ཞུས་པ་ཞེས་བྱ
101a7 ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་མཉན་ཡོད་ན།རྒྱལ་བུ




iiif viewer powered by OpenSeadragon

100b - 101b

Texts on this page

N239 - 'phags pa chos kyi rgyal mtshan gyi mdo theg pa chen po
N238 - chos gsum pa zhes bya ba'i mdo