e-texts navigator
Collection
Volume
Page
Wylie

100a1 ཡིན་པ་གསུམ་དང་ལྡན་ན་སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་ལ།ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་མི་བྱེད།།གསུམ་གང་ཞེ་ན།འདི་ལྟ།།
100a2 སྟེ།འདོད་ཆགས་དང་།སེར་སྣ་དང་།བག་མེད་པ་སྟེ།དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་པོ་དེ་དག་དང་ལྡན་པས་སྦྱིན་པ་དག་མ་བྱིན་ཞིང་བསོད་ནམས་དག
100a3 མ་བྱས་ལ།ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་མ་བྱས་པས།ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུརརོ།།
100a4 དགེ་སློང་དག་སྐྱེས་བུ་དམ་པ་དམ་པའི་ཆོས་གསུམ་དང་ལྡན་པ་ནི་སྦྱིན་པ་དག་སྦྱིན་ཞིང་།བསོད་ནམས་དག་བྱེད་ལ།ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་བྱེད།།གསུམ་པོ་གང
100a5 ཞེ་ན།འདི་ལྟ་སྟེ།མ་ཆགས་པ་དང་།སེར་སྣ་མེད་པ་དང་།བགོ་ཡོད་པའོ།།དགེ་སློང་དག་དམ་པའི་ཆོས་གསུམ་པོ་དེ་དག་དང་ལྡན་ན་སྐྱེས་བུ་དམ་པ་སྦྱིན་པ་དག་བྱིན་ཞིང་།བསོད
100a6 ནམས་དག་བྱེད་ལ།ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་བྱས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།།བཅོམ
100a7 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།བདེ་བར་གཤེགས་པས་དེ་སྐད་གསུངས་ནས།སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།།གང་ཕྱིར་སེར་སྣ་བྲག་མེད་པས།




iiif viewer powered by OpenSeadragon

99b - 100b

Texts on this page

N238 - chos gsum pa zhes bya ba'i mdo