| | e-texts navigator
|
157a1 ཀྱིས་ཡོངས་སུ་གང་བར་གྱུར་ཏོ།།དེའི་ཚེ་ནཱ་འཁོར་མང་པོ་རྣམས་ཀྱི་སོ་སོའི་ལུས་ཀྱི་སའི་ཁམས་ལྷག་པར་ལྕི་ཞིང་མི་ཐེག་པ་ཙམ་དུ་གྱུར་ཏོ།།ལྟས་འད
157a2 བུ་གྱུར་པ་མཐོང་ནས་ཐམས་ཅད་ཀྱང་དངངས་ཏེ།དེ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ལྟས་འདི་ལྟ་བུར་གྱུར་སྙམ་དུ་རྟོག་པ་སྐྱེས་སོ།།དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་བརྒྱ་བྱིན་ལྷའི
157a3 དབང་པོ་དྲི་མ་མེད་པར་སྐྱེས་ཞེས་བྱ་བ་བཅོམ་ལྡན་འདས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་འདུག་པ་ལས་ལངས་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏོ།བཅོམ
157a4 ལྡན་འདས་གང་ན་བ་དོ་ལོགས་སུ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།།བདེན་པར་གསུང་ཞིང་བདེན་གཟིགས་པ།།བདེན་ལ་རབ་གནས་ཐུབ་པ་ཁྱོད།།འདུ
157a5 པའི་འཁོར་མང་ཐམས་ཅད་ལ།།མཐར་ཕྱོན་བདེན་པའི་ཆོས་གསུངས་ཤིག།སོ་སོའི་སྐྱེ་བོ་མང་པོ་དག།སྡུག་བསྔལ་རྒྱ་དང་སྡུག་བསྔལ་སེལ།།ཅི་ཡི་སླད་དུ་འཁོར་འདོར་ན།།
157a6 སྤྲིན་དང་ཆར་རྣམས་གདའ་བར་གྱུར།།འཁོར་རྣམས་རབ་ཏུ་དགའ་རངས་ནས།།ཤིན་ཏུ་དད་པའི་བསམ་པ་སྐྱེས།།ཐེག་པ་ཆེན་པོར་ཐམས་ཅད་གཞོལ།།ཡང་དག་ལྷ་སྐྱེ་སོམ་ཉི
157a7 རྒལ།།འཁོར་མང་ལྷ་དང་མི་ཡི་ལུས།།ལྷག་པར་ས་ཡི་ཁམས་ལྕི་བས།།རང་གིས་མི་ཐེག་གྱུར་པ་འདི།།ཅི་ཡི་རྐྱེན་གྱིས་ལྟས་འདི་བྱུང་།།ལག་མཐིལ་གཉིས་ན་ནོར་བུའི་ལས
iiif viewer powered by OpenSeadragon
156b - 157b