| | e-texts navigator
|
156a1 དུ་འབབ་པར་མཐོང་ངོ་།།གཞན་ཡང་ནོར་བུ་རིན་པོ་ཆེ་དེ་དག་ལས་འོད་ཟེར་རྣམ་པ་སྣ་ཚོགས་སུ་བྱུང་སྟེ།འོད་ཟེར་དེ་དག་གི་དབང་གིས་སེམས་ཅན་དེད
156a2 སོ་ནས་ཕྱོགས་བཅུའི་ཆུ་ཀླུང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཡང་མཐོང་ངོ་།།ཡང་འོད་ཟེར་དེ་དག་གི་དབང་གིས་སངས་རྒྱས་ཀྱི་ཞིང་དེ་དག་ན་དེ་བཞིན་གཤེགས་པ་དེ་རེ་རེ
156a3 ལའང་འཁོར་མང་པོ་ཚད་མེད་པས་བསྟི་སྟང་དང་བཅས་ཏེ་ཡོངས་སུ་བསྐོར་བར་མཐོང་ངོ་།།གཞན་ཡང་འོད་ཟེར་དེའི་དབང་གིས་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་ནད
156a4 ཀྱིས་གཟིར་བ་ཐམས་ཅད་ཀྱང་འོད་ཟེར་དེ་དག་གིས་རེག་མ་ཐག་ཏུ་ནད་ཀྱི་སྡུག་བསྔལ་དང་བྲལ་བར་གྱུར་ཏོ།།གང་བསད་པ་ལ་ཐུག་པ་དང་།བཙོན་དུ་བཟུང་ཞིང་བཅིངས་པ་དག་ཀྱང
156a5 འོད་ཟེར་དེ་དག་གིས་རེག་མ་ཐག་ཏུ་དེ་དག་ལས་ཡོངས་སུ་ཐར་བར་གྱུར་ཏོ།།གང་ལུས་དང་ངག་དང་ཡིད་མི་བདེ་བར་སྤྱོད་པའི་གནས་ངན་ལེན་ལྕི་བ་དག་ཀྱང་འོད་དེའི་དབང་གིས་ཤིན་ཏུ།
156a6 ཡང་ཞིང་རྣམ་པར་དག་པར་གྱུར་ཏོ།།གང་བཀྲེས་ཤིང་སྐོམ་པ་དག་ཀྱང་འདྲངས་ཤིང་ངོམས་པར་གྱུར་ཏོ།།གང་གསོད་པ་དང་།ཆད་པ་རྣམ་པ་སྣ་ཚོགས་ཀྱིས་ཉོན་མོངས་པར་གྱུར་པ
156a7 དག་ཀྱང་འོད་ཟེར་དེ་དག་གིས་རེག་མ་ཐག་ཏུ་སྡུག་བསྔལ་བ་དང་བྲལ་བར་གྱུར་ཏོ།།གང་བགོ་བ་དང་།རིན་པོ་ཆེའི་རྒྱན་དང་།དབྱིག་པ་དང་།ནིར་རྫས་ཀྱིས་བྲེལ་ཅིང་ཕོངས་པ་དག
iiif viewer powered by OpenSeadragon
155b - 156b