| | e-texts navigator
|
155a1 སྤྱོད་ཡུལ་གནས་ཀྱི་རི་དེ་ལ་ཁྱབ་པར་གྱུར་ཏོ།།བསུང་དང་།མེ་ཏོག་དང་།རིན་པོ་ཆེའི་རྒྱུན་དང་།གོས་དེ་དག་ལས་ཆོས་ཆེན་པོའི་སྒྲ་དབྱུ་ས་རྣམ་པརྣ
155a2 བརྒྱ་སྟོང་སྙེད་གྲགས་པར་གྱུར་པ་ནི་འདི་ལྟ་སྟེ།དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྒྲ་དང་།བསླབ་པའི་གནས་འཛིན་པའི་སྒྲ་དང་།དང་དེས་ཤིང་བཟོད་པ་ཅན་གྱི་སྒྲ་དང།
155a3 བརྩོན་འགྲུས་རྩོམ་པའི་སྒྲ་དང་།བདུད་བཞི་བཏུལ་བའི་སྒྲ་དང་།ཤེས་རབ་ལ་གཞོལ་ཞིང་འཇུག་པའི་སྒྲ་དང་།གྲགས་པ་ཆེན་པོས་འཇིག་རྟེན་གསུམ་དུ་རྒྱ་ཆེར་གྲགས
155a4 པའི་སྒྲ་དང་།དྲན་པ་དང་།ཏིང་ངེ་ཛིན་དང་།གཟུངས་ཀྱི་ཁྱད་པར་ལ་ནན་ཏན་བྱ་བའི་སྒྲ་དང་།སྟོང་པ་ཉིད་དང་།མཚན་མ་མེད་པ་དང་།སྨོན་པ་མེད་པའི་སྒྲ་དང་།འདོད
155a5 ཆགས་ཀྱིས་ཡོངས་སུ་སྐྱོ་བའི་སྒྲ་དང་།གཟུགས་ནི་ཆུའི་ལྦུ་བ་ལྟ་བུའོ་ཞེས་པའི་སྒྲ་དང་།ཚོར་བ་ནི་ཆུའི་ཆུ་འུར་ལྟ་བུའོ་ཞེས་པའི་སྒྲ་དང་།འདུ་ཤེས་ནི་སྨིའི་རྒྱུ་ལྟ་བུ
155a6 ཞེས་པའི་སྒྲ་དང་།འདུ་བྱེད་ནི་ཆུ་ཤིང་ལྟ་བུའོ་ཞེས་པའི་སྒྲ་དང་།རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ་ཞེས་པའི་སྒྲ་དང་།མི་རྟག་པའི་སྒྲ་དང་།སྡུག་བསྔལ་པོའི་སྒྲ་དང་།
155a7 བདག་མེད་པའི་སྒྲ་དང་།སྟོང་པའི་སྒྲ་དང་།འཛེམ་པ་དང་།ངོ་ཚ་བར་ལྡན་པའི་སྒྲ་དང་།ཀུ་རེ་སྤོང་བའི་སྒྲ་དང་།དྲན་པ་ཉེ་བར་བཞག་པའི་སྒྲ་དང་།བྱམས་པ་དང་།སྙིང་རྗེ་དང
iiif viewer powered by OpenSeadragon
154b - 155b