e-texts navigator
Collection
Volume
Page
Wylie

154a1 གྲངས་འདི་ནི་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་དང་།བརྒྱ་བྱིན་གྱི་གནས་དང་།ཀླུའི་རྒྱལ་པོ་མ་དྲོས་པའི་གནས་སུ་སྤྱོད་པར་འགྱུར།དེའི་འོག་ཏུ་ཛམྦུ
154a2 གླིང་དུ་སྤྱོད་པར་འགྱུར་ཏེ།སེམས་ཅན་གང་དག་སངས་རྒྱས་ཀྱི་ས་ཡོངས་སུ་གཟུང་བ་དང་།བྱང་ཆུབ་སེམས་དཔས་ཡོངས་སུ་གཟུང་བར་འགྱུར་བ།དྲང་བ།གཡོ་མེད་པ
154a3 ངེས་པ།ཆོས་ཟབ་མོ་ལ་མོས་པ་དེ་དག་གི་ལག་ཏུ་འགྲོ་བར་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ་རྩོམ་པ་མེད་དང་།
154a4 བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་པ་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་ཉན་ཐོས་ཆེན་པོ་དེ་དག་དང་ལྷ་དང་མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི
154a5 འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་སྟོང་ཕྲག་བརྒྱ་པའི་མདོ་ལས
154a6 རྣམ་པ་མེད་ཀྱི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ།།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་གརྦྷ་དང་།བི་ཛ་ཡ་ཤཱི་ལ་དང་།ཤཱི་ལེནྡྲ་བོ་དྷི་དང་།ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས
154a7 སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཙོས་ནས་གཏན་ལ་ཕབ་པོ།།སྐར་མས་ཞུས་སོ།།




iiif viewer powered by OpenSeadragon

153b - 154b

Texts on this page

N223 - 'phags pa chos yang dag par sdud pa zhes bya ba theg pa chen po'i mdo