| | e-texts navigator
|
333b1 དེའི་ཚེ་སྲིན་པོའི་རྒྱལ་པོ་འབྲོག་གནས་ལ་སོགས་པ་སྦྱིན་པའི་རྒྱལ་པོ་ས་ཡ་ཕྲག་བརྒྱད་དང་བརྒྱུད་འབུམ་ལ་སྲིན་པ་རྒྱལ་བར་དེ་འང་འཁོར་སྨིན་པ་འབུམ་ཕྲག་གྲངས་མེད་པ་དག་དང་།
333b2 བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།།སྲིན་པའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ
333b3 སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ།།ཡང་དེའི་ཚེ་གྲུལ་དུམ་གྱི་རྒྱལ་པོ་དྲོད་ལྡན་ལ་སོགས་པ་གྲུལ་བུམ་གྱི་རྒྱལ་པོ་ས་ཡ་ཐཱག
333b4 བདུན་དང་བརྒྱུད་འབུམ་ལ་གྲུལ་བུམ་གྱི་རྒྱལ་པོ་རེ་རེ་འང་འཁོར་གྲུལ་བུམ་འབྲུམ་ཕྲག་གྲངས་མེད་པ་དག་དང་།བཅོམ་ལྡན་འདས་ག་ལེ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི
333b5 ཞབས་ལ་མགོ་བོས་ཕྱུག་བཙལཱ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།།གྲུལ་བུམ་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ
333b6 པར་རྗེ་བ་ཤཱ་སྟག་གོ།།ཡང་དེའི་ཚེ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་གློག་ལེགས་བཙུན་ལ་སོགས་པ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་ས་ཡ་ཕྲག་བརྒྱད་ལ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་རེ་རེ་འདྲ་འཁོར
333b7 གཅོད་བྱེད་ཀྱི་བུ་འབུམ་ཕྲག་གྲངས་མེད་པ་དག་དང་།བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏོ།།ཕྱོགས་གཅིག་ཏུ།
iiif viewer powered by OpenSeadragon
333a - 334a