| | e-texts navigator
|
332b1 རྣོ་བ་ཤ་སྟག་གོ།ཡང་དེའི་ཚེ་དྲི་ཟའི་རྒྱལ་པོ་དགའ་བ་ལ་སོགས་པ་དྲི་ཟའི་རྒྱལ་པོ་ས་ཡ་ཕྲག་གཉིས་དང་བརྒྱུད་འབུམ་ལ་དྲི་ཟའི་རྒྱལ་པོ་རེ་རེ་ལའང་འཁོར་དྲི་ཟ་འབུམ་ཕྲག་གྲངས
332b2 མེད་པ་དག་དང་།བཅོམ་ལྡན་འདས་གོ་ལ་བ་དེར་དོང་སྟེ།ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།།དྲི་ཟའི་རྒྱལ་པོ་དེ
332b3 དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ།ཡང་དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་ཟངས་རིས
332b4 ལ་སོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་ས་ཡ་ཕྲག་བརྒྱད་དང་།བརྒྱད་འབུམ་ལ་ལྷ་མ་ཡིན་གྱི་རྒྱལ་པོ་རེ་རེའང་འཁོར་ལྷ་མ་ཡིན་འབུམ་ཕྲག་གྲངས་མེད་པ་དག་དང་།བཅོམ་ལྡན
332b5 འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།།ལྷ་མ་ཡིན་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང
332b6 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བོ་ཤ་སྟག་གོ།ཡང་དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོ་དྲི་ཟོའི་གླང་པོ་ལ་སོགས་པ་ན་མཁའ
332b7 ལྡིང་གི་རྒྱལ་པོ་ས་ཡ་ཕྲག་བཞི་དང་དགུ་འབུམ་ལ་ནམ་མཁའ་ལྡིང་གི་རྒྱལ་པོ་རེ་རེ་ལའང་འཁོར་ནམ་མཁའ་ལྡིང་འབུམ་ཕྲག་གྲངས་མེད་པ་དག་དང་།བཅོམ་ལྡན་འདས་ག་ལ་བ་དེར
iiif viewer powered by OpenSeadragon
332a - 333a