| | e-texts navigator
|
330b1 གྱི་ཁྲིམས་གཙང་མ་སྤྱོད་པ་དེར་གྲོང་ཁྱེར་གཙང་མ་བསུང་ལྡན་དུ་སྐྱེ་བར་འགྱུར་ཞེས་པ་སྨྲའོ།།ངན་སྤོང་བཞིའང་དེ་དག་གི་སྤྱད་ཡུལ་གྱི་སླར་མི་འགྱུར་རོ།།སྤྲིན་ཆེན་སྙིང་པོ་དྲི་བས་ནི
330b2 ང་ནི་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གཙང་མི་སྤྱོད་པ་དང་།བསྐལ་པ་གཙང་ཞིང་བདེན་པའི་མཚམས་ཞེས་བྱ་བ་དང་།དེ་བཞིན་གཤེགས་པ་གཙང་ཞིང་བདེན་པའི་མཚ
330b3 འཕེལ་བར་མཛད་པ་ཞེས་བྱ་བའི་ཡོན་ཏན་གཟུང་བ་སྨྲའོ།།དེ་ནས་འཁོར་ཆེན་པོའི་ནང་ནས་ལྷ་དང་མིའི་ཚོགས་ཚད་མེད་པོས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ཏེ།
330b4 གར་བྱས།གླུ་བླངས་ནས་བཅོམ་ལྡན་འདས་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སེམས་བསྐྱེད་དོ།།འདི་ནི་མ་འོངས་པའི་སེམས་ཅན་བྱེ་མེ་སྙེད་དག་ལུང་སྟོན་པ་སྤྲིན་ཆེན་པོའི
330b5 མདོ་ཚིག་པར་བརྒྱད་པར་སྦྱར་བའི་ལེའུ་འབུམ་པ་ལས་ལུང་བསྟན་པའི་རྒྱུད་ཡིན་ནོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།སྤྲིན་ཆེན་སྙིང་པོ་ལ་སོགས་པ་ལྷ་དང་།
330b6 ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།ནམ་མཁའི་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་དང་།མི་དང་མི་མ་ཡིན་པ་རྣམས་ཡི་རངས་ཏེ།བཅོམ་ལྡན
330b7 འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།།།འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་།ཞུ་ཆེན
iiif viewer powered by OpenSeadragon
330a - 331a