e-texts navigator
Collection
Volume
Page
Wylie

329b1 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།རིགས་པ་དང་ཞབས་སུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་འདུལ་བའི་ཁུ་ལོ་སྒྱུར་བུའི་བླ་ན་མྱེད་པ།ལྷ་དང་མ
329b2 རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་གཙང་ཞིང་བདེན་པའི་མཚམས་འཕེལ་བར་མཛད་པ་ཞེས་བྱ་བར་འགྱུར་རོ།།འཇིག་རྟེན་གྱི་ཁམས་མི་མཛོད་འདིའང་འཇིག་རྟེན་གྱི་ཁམས
329b3 གཙང་མ་སྦྱོང་བ་ཞེས་བྱ་བར་འགྱུར་རོ།།བསྐལ་པ་ནི་གཙང་ཞིང་བདེན་པའི་མཚམས་ཞེས་བྱ་བར་འགྱུར་ཏེ།འཇིག་རྟེན་གྱི་ཁམས་གཙང་མ་སྦྱོང་བ་དེ་འབྱོར་པར་འགྱུར།རྒྱས་པར་འགྱུར།
329b4 བདེ་བ་དང་།ཉམས་དགའ་བ་དང་།ལོ་ལེགས་པ་དང་།སྐྱེ་བོ་དང་།མི་མང་པོས་གང་བར་འགྱུར་ཏེ།།འབྱོར་ཅིང་རྒྱས་པར་གྱུར་པ་དེའི་ཚེ་ཛོམྦུའི་གླིང་འདིར་གྲོང་ཁྱེར་གཙང་མ་བསྲུང
329b5 ལྡན་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ།གྲོང་ཁྱེར་གཙང་མོ་བསྲུང་ལྡན་རུ་མི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་བར་འགྱུར་རོ།།དཔེ་མེད་པའི་གྲོང་ཁྱེར་དེ་ར་ར་བ་དང་།ཡང་ཏོག་དང་།
329b6 བླ་འཚོགསོ་དང་།འོབས་དཔེ་མེད་པ་དྲུག་འབྱུང་བར་འགྱུར་རོ།།དག་ཅིང་ཉོན་མོངས་པ་ཞི་བར་བྱེད་པའི་ཆུའི་ཀླུང་ནག་པོ་བཟང་ཞེས་བྱ་བ་ནི་དེའི་ཚེ་གཙང་མི་བཟང་པོ་ཞེས་བྱ་བར་འགྱུར་ཏེ།
329b7 འགྲམ་ཕ་རོལ་ཚུལ་རོལ་དཔེ་མེད་པའི་ཤིང་ལྗོན་པའི་ཀུན་དགའ་ར་བ་ཉམས་དགའ་བ་དང་ལྡན་པར་འགྱུར་རོ།།འཇིག་རྟེན་གྱི་ཁམས་གཙང་མ་སྦྱོང་བ་དེའང་འདི་ལྟོ་སྟེ་དཔེར་ན




iiif viewer powered by OpenSeadragon

329a - 330a

Texts on this page

N217 - 'phags pa sprin chen po zhes bya ba theg pa chen po'i mdo