| | e-texts navigator
|
180a1 ཅེས་བྱ་བ་དང་།ཀླུའི་རྒྱལ་པོ་ཡུག་གདོང་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་གནས་སྒྲོགས་མཁས་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་གཟི་ཅན་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི
180a2 བུ་ཞེས་བྱ་བ་དང་།དེ་དག་ལ་སོགས་པཀླུའི་རྒྱལ་པོ་ས་ཡ་ཕྲག་གཉིས་དང་བརྒྱད་འབུམ་སྟེ།ཀླུའི་རྒྱལ་པོ་དེ་དད་ཐམས་ཅད་ཀྱང་ཐེག་པོ་ཆེན་པོ་ཐོས་པར་འདོད་པ།ཐོས་ནས་ཀྱང་གཞན་དག་ལ་རྒྱས
180a3 པར་སྟོན་པར་འདོད་པ།དམ་པའི་ཆོས་འཆད་པར་འདོད་པ།དམ་པའི་ཆོས་ཀུན་ཏུ་བསྲུང་བར་ཡོངསུ་འཛིན་པའི་ངང་ཚུལ་ཅན།དམ་པའི་ཆོས་བསྲུང་བའི་ཁུར་ཁྱེར་བ་ཡོང་སུ་འཛིན་པའི་ངང་ཚུལ་ཅན
180a4 ཤ་སྟག་སྟེ།ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས
180a5 ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལོགསུ་ཐལ་མོ་སྦར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།།ཡང་དེའི་ཚེ་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལ་ལ་སོགས
180a6 པ་གནོད་སྦྱིན་གྱི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་དྲུག་འབུམ་ལ་འདི་ལྟ་སྟེ།གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་དང་།གནོད་སྦྱིན་གྱི་རྒྱལ་པོ་མ་ལ་འབོད་ཞེས་བྱ་བ་དང་།གནོད་སྦྱིན
180a7 གྱི་རྒྱལ་པོ་མ་འཛིན་ཞེས་བྱ་བ་དང་།གནོད་སྦྱིན་གྱི་རྒྱལ་པོ་མ་ལ་དཔལ་དུ་འཛིན་པ་ཞེས་བྱ་བ་དང་།གནོད་སྦྱིན་གྱི་རྒྱལ་པོ་ལག་སྒེག་ཅེས་བྱ་བ་དང་།གནོད་སྦྱིན་གྱི་རྒྱལ་པོ་འཇིགས
iiif viewer powered by OpenSeadragon
179b - 180b