e-texts navigator
Collection
Volume
Page
Wylie

179b1 རབ་ཏུ་དགའ་བ།དམ་པའི་ཆོས་བསྲུང་བར་དགའ་བ།དམ་པའི་ཆོས་རྒྱས་པར་དགའ་བ་ཏིང་ངེ་འཛིན་ཐམས་ཅད་གཟུང་བར་དགའ་བ་ཤ་སྟག་སྟེ།སེམས་ཅན་རྣམས་ལ་ཕན་པ་དང་།བདེ་བའི་ཕྱིར།
179b2 ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་གལ་བ་དེར་དོང་སྟེ་ལྷགས་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་ལན་སྟོང
179b3 བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བདེ་ལོགསུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།།ཡང་དེའི་ཚེ་ཀླུའི་རྒྱལ་པོ་ས་ཡ་ཕྲག་གཉིས་དང་བརྒྱད་འབུམ་ལ་འདི་ལྟ་སྟེ།ཀླུའི
179b4 རྒྱལ་པོ་པདྨ་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་འཇོག་པོ་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་རྒྱ་མཚོ་ཞེས་བྱ་བ་དང་།གླུའི་རྒྱལ་པོ་མ་དྲོས་པ་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་ཞེས་བྱ་བ་དང་།ཀླུའི་རྒྱལ
179b5 པོ་མཐའ་ཡས་ནོར་རྒྱས་ཀྱི་བུ་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་དཔལ་འབྱོར་གནས་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་བྱིས་པ་རྩེ་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་མཆེ་བ་མཆོག་ཏུ་རྣོ་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ
179b6 མང་ཁྱེར་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་ཡན་ལག་འཆར་རི་དགས་མིག་ཅེས་བྱ་བ་དང་།ཀླུའི་རྒྱལ་པོ་ཕུར་བུ་སྒྲ་རིག་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་གསེར་མདོག་གདོང་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་སྟང
179b7 ཟིལ་གཙུག་པུད་ཅེས་བྱ་བ་དང་།ཀླུའི་རྒྱལ་པོ་ཆུའི་ཤུགས་འཛིན་ཅེས་བྱ་བ་དང་།ཀླུའི་རྒྱལ་པོ་ཏི་སེའི་གངས་ཐུབ་ཅེས་བྱ་བ་དང་།ཀླུའི་རྒྱལ་པོ་བྱིན་ལ་དགའ་ཞེས་བྱ་བ་དང་།ཀླུའི་རྒྱལ་པོ་ཕྲེང་སྒྲ་སྙན




iiif viewer powered by OpenSeadragon

179a - 180a

Texts on this page

N217 - 'phags pa sprin chen po zhes bya ba theg pa chen po'i mdo