| | e-texts navigator
|
176a1 །ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན།བྱ་རྒོད་ཀྱི་ཕུང་པོའི་རི་ལ་གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང
176a2 ས་ཡ་ཕྲག་དགུ་དང་བརྒྱད་འབུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་།དགྲ་བཅོམ་པ།ཟག་པ་ཟད་པ།དབང་དང་ལྡན་པར་གྱུར་པ།ཉོན་མོངས་པ་མེད་པ།ཅང་ཤེས་པ།གླང་པོ་ཆེན
176a3 གོ།།སེམས་ཤིན་ཏུ་རྣམ་པར་གྲོལ་བ།ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ།བྱ་བ་བྱས་པ།བྱེད་པ་བྱས་པ།།ཁུར་བོ་དག།བདག་གི་དོན་དུས་སུ་ཐོབ་པ།ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ
176a4 པར་གྲོལ་བ།སྲིད་པར་ཀུན་ཏུ་སྦྱོར་བ་ཡོངསུ་ཟད་པ།ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ།སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ།མངོན་པར་ཤེས་པས་མངོན་པར་ཤེས་པ།
176a5 མཁས་པ་མངོན་པར་ཤེས་པ།རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུག་སོ།།དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་ས་ཡ་ཕྲག་དགུ་དང་བརྒྱད
176a6 འབུམ་པོ་དེ་དག་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།བཅོམ་ལྡན
176a7 འདས་ལ་ལན་གསུམ་བསྐོ་བ་བྱས་ནས་བཅོམ་ལྡན་འདས་གལ་བདེ་ལོག་སུཾ་བྲལ་མོ་སྦྱར་བ་བདུད་དེ་ཕྱོགས་གཅིག་ཏུ་འཁོད་དེ།།ཡང་དེའི་ཆ་སྐྱེ་གུའི་བདག་མཆེན་མོ་ག་ཏ་མི་ལ་སོགས་པ
iiif viewer powered by OpenSeadragon
175b - 176b