e-texts navigator
Collection
Volume
Page
Wylie

173a1 བར་གྱུར་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཆི་བདེའང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་སྟོན་པར
173a2 སྣང་སྟེ།བརྒྱ་བྱིན་དང་།ཚངས་པ་དང་།འཇིག་རྟེན་སྐྱོང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངསུ་བསྐོར་ཅིང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་མདུན་དུ་བདར་ཏེ།འདི་ལྟར
173a3 ཆོས་ཉིད་འདི་ཁོ་ན་བརྩམས་ནས་ཆོས་སྟོན་པར་སྣང་པོར་གྱུར་ཏོ།།དེ་ནས་ལྷ་མོ་མི་འཆ་བ་འང་ཏིང་ངེ་འཛིན་དེ་ལས་ལངས་ཏེ།བཅོམ་ལྡན་འདས་ལ་ལན་གསུམ་དུ་གཡས་ཕྱོགསུ་བསྐོར་བ་བྱས
173a4 ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རིགས་ཀྱི་བུ་དང་།
173a5 རིགས་ཀྱི་བུ་དང་།རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ།འཛིན་ཏམ།འཆང་ངམ།ཀློག་གམ།ཀུན་ཆུབ་པར་བགྱིད་དམ།།ཁ་ཏོན་བགྱིད་དམ།གཞན་དག་ལ་འང་རྒྱ་ཆེར
173a6 ཡང་དག་པར་སྨྱོན་པར་བགྱིད་ན།དེ་བསོད་ནམས་ཇི་ཙམྲ་ཞིག་སྐྱེད་པར་འགྱུར།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་ག་ལ་ལ་ཞིག་གིས་སྟོང་གསུམ
173a7 གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ་སུ་གཏོགས་པའི་སེམས་ཅན་རྣམས་ལ་སྦྱིན་པ་ལྷག་པར་བྱིན་ཏེ།དེ་ལྟར་སྦྱིན་པ་བསྐལ་པ་བརྒྱ་སྟོང་མང་པོར་བྱིན་པ་པས།རིགས་ཀྱི་བུའམ།རིགས་ཀྱི་དུ




iiif viewer powered by OpenSeadragon

172b - 173b

Texts on this page

N216 - 'phags pa dkon mchog sprin zhes bya ba theg pa chen po'i mdo