e-texts navigator
Collection
Volume
Page
Wylie

415a1 ཡང་དགེ་སློང་དེ་ནི་བདག་ཏུ་མངོན་པར་ཞེན་ཅིང་མཚམས་བྲལ་བ་ཡིན།།ཀུན་དགའ་བོ་ཆོས་གཉིས་པོ་འདི་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ཆུབ
415a2 སྤོང་བར་བྱེད་ཅིང་མི་མཐུན་པར་སྨྲ་ལ་ཀུན་ནས་ཁྲོ་བར་བྱེད་དོ།།ཀུན་དགའ་བོ་གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ་ཆོ་ག་ལ་ལོག་པར་ཞུགས་པ་ཡིན་ཏེ།དེ་ཚུལ་ཁྲིམས་འཚོལ
415a3 དང་ལྡན་པོས་ཚུལ་ཁྲིམས་ཀྱི་གཏིམ་ཐོས་ན་ཞུམ་པར་འགྱུར་ཏེ།ཀུན་དགའ་བོ་ཆོས་གསུམ་པོ་འདི་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ཅིང་མི་མཐུན་པར་སྤྲུ་ལ་ཀུན
415a4 ནས་ཁྲོ་བར་བྱེད་དོ།།ཀུན་དགའ་བོ་གཞན་ཡང་དགེ་སློང་དམིགས་པར་ལྟ་བ་ཅན་བདག་ཏུ་སྨྲ་བ་ཡིན་ཏེ།དེས་སྟོང་པ་ཉིད་ཀྱི་གཽཏཱམ་ཐོས་ན་ཆགས་པ་མེད་པ་ལ་སྐྲག་ཅིང་དང
415a5 ལ་རབ་ཏུ་དངང་བར་འགྱུར་ཏེ།།ཀུན་དགའ་བོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ཅིང་མི་མཐུན་པར་སྨྲ་ལ་ཀུན་ནས་ཁྲོ་བར་བྱེད་དོ།།
415a6 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།།བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ།སྨྱོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།།དགེ་སློང་ལྷོག་པའི
415a7 ང་རྒྱལ་ཅན།།མ་ཐོ་བ་ཐོབ་པའི་འདུ་ཤེས་ཅན།།དེ་ནི་ངེས་ན་ངས་བསྟན་པའི།།ཟབ་པའི་ཆོས་ནི་སྤོང་བར་བྱེད།།འཇིག་རྟེན་རྒྱང་པན་འདྲེས་པ་ཡི།།དགེ་སློང་ཆོས་སྨྲ་གང




iiif viewer powered by OpenSeadragon

413b - 415b

Texts on this page

N214 - de bzhin gshegs pa bgro ba zhes bya ba theg pa chen po'i mdo