e-texts navigator
Collection
Volume
Page
Wylie

412b1 གྱུར་ཅིག་ཅེས།།བྱང་ཆུབ་མཆོག་ཏུ་སྨོན་པར་བྱེད།།དེ་ནི་བྱང་ཆུབ་ཉིད་ཚོལ་ལ།།མདོ་འདི་དག་ནི་མི་ཚོལ་ཏེ།།ངས་བཤད་པ་ཡིས་བགྲོ་བ་དག།མདོ་འདི་དག་ནི་རྙེད་མི་འགྱུར།།གང་ཞིག་མདོ།
412b2 འདི་ཚོལ་བྱེད་པ།།དེ་སྟེང་བསོད་ནམས་འཕེལ་བར་འགྱུར།།མང་དུ་ཐོས་པ་ཀུན་དགའ་བོ།།འདི་ལས་བྱང་ཆུབ་ལྷག་པར་ནི།།བ་མཇེད་དེ་བཞིན་དགེ་སློང་དང་།།དགེ་སློང་མ་དག་ངས
412b3 ལུང་བསྟན།།ངས་བཤད་པ་ཡི་བགྲོ་བ་འདི།།གང་དག་ཚོལ་བྱེད་དེ་དག་གིས།།ང་སྔོན་བྲམ་ཟེ་ཁྱེའུ་དེའི་ཚེ།།གང་གིས་བྱང་ཆུབ་ཕྱིར་ལུང་བསྟན།།དེ་ཚེ་ཐོག་མར་བྱང་ཆུབ་ཕྱིར།།གང
412b4 ལ་བསོད་ནམས་ངས་བསྟན་པ།།མར་མེ་ཞེས་བྱ་བས་མ་མོ་ཁྱབ།།ཡེ་ཤེས་ལྡན་ཆེན་མཐོང་བ་ཡིན།།གང་དག་འདི་ལུང་ནོད་དེ་དག།རྫོགས་པའི་སངས་རྒྱས་དྲི་མཐོང་ངོ་།།རྟག
412b5 པར་སེམས་ཅན་ཀུན་བདེ་ཕྱིར།།གྲངས་མེད་བདུད་བརྒྱ་རྫོགས་པ་སྟེ།།གཅིག་ཀྱང་མ་ཚད་མེད་པར་ནི།།བྱང་ཆུབ་ཆེད་དུ་ངས་བཙལ་ལོ།།མང་ཐོས་ང་དང་ལྷན་ཅིག་ཏུ།།དེ་དག་གྲི
412b6 ཀྱང་བསོད་ནམས་བསྐྱེད།།གང་དག་འདི་ནི་ལུང་ནོད་ཅིང་།།བྱང་ཆུབ་མཆོག་མར་སྨོན་བྱེད་པ།།དེ་དག་བྱང་ཆུབ་མི་ཉམས་ཤིང་།།དེ་དག་བྱང་ཆུབ་དཀོན་པ་མང་།།གྲང་དག་ངས
412b7 བཤད་པ་ཡི་མདོ།།འདི་ནི་གང་དག་ལུང་ནོད་པ།།དེ་དག་སངས་རྒྱས་བྱང་ཆུབ་རྒྱུ།།ང་ཡིན་ཏེ་ནི་ཐེ་ཚོམ་མེད།།གང་དག་ཕྱི་མའི་དུས་དེ་ཚེ།།མི་རྣམས་ཀྱིས་ནི་ཚུལ་འདི་མཐོང་།།ཕྱི




iiif viewer powered by OpenSeadragon

412a - 413a

Texts on this page

N214 - de bzhin gshegs pa bgro ba zhes bya ba theg pa chen po'i mdo