| | e-texts navigator
|
411b1 ཅེས་བྱ་དེ་རིང་ཐོབ།།ཕྱི་མའི་དུས་ན་དེ་དག་གིས།།ཏིང་ངེ་འཛིན་ལ་གནས་ནས་ནི།།སྲོག་ཆགས་ཀུན་ལ་ངན་པའི་ཕྱིར།།ང་ཡི་ཆོས་ནི་འཛིན་པར་འགྱུར།།དེ་ཚེ་གང་དག་ཁ་ཅིག་གིས།།
411b2 མདོ་འོ་འཛིན་འགྱུར་ང་ཡིས་ནི།།དེ་བཞིན་གཤེགས་པ་མ་མཐོང་ཞེས།།ཐེ་ཙོམ་དག་ནི་བསྐྱེད་མི་བྱ།།ཕྱི་དུས་དོན་འགྲོ་ཆེན་པོ་སྟེ།།དེ་ཚེ་གང་དགེ་མི་རྣམས་ཀྱིས།།ཏིང་འཛིན་མིང་།།
411b3 ནི་ཉན་བྱེད་པ།།ཐམས་ཅད་ང་ཡི་མདུན་ན་འཁོད།།མདོ་འདི་དག་ནི་བསྒྲགས་པ་ཡི།།ང་ཡི་སྲས་འདི་འདིར་ཡོད་རྣམས།།ཕྱི་དུས་དམ་ཆོས་འཇིག་པའི་ཚེ།།དེ་དག་ཆོས་ནི་སྤྱོད་པར་འགྱུར།།
411b4 གང་དག་ཁ་ཅིག་མདོ་འདི་ནི།།ཐོབ་པར་བྱ་ཕྱིར་དེ་ཚེ་བརྩོན།།ཀུན་དགའ་དེ་དག་ཐམས་ཅད་ནི།།སངས་རྒྱས་སྤྱན་གྱིས་ངོས་མཐོང་ངོ་།།ཀུན་དགའ་དེ་ཕྱིར་ཁྱོད་ལ་ནི།།བྱང་ཆུབ་མཆོག་མ
411b5 གཏང་བྱ་སྟེ།།སྲོག་ཆགས་རྣམས་ལ་བོཤོད་པ་ལྟར།།ཁྱོད་ལ་འདི་ནི་གཞག་པར་བྱ།།ཁ་ཅིག་མདོ་འདི་བསྲུང་བའི་ཕྱིར།།དེ་ཚེ་བརྩོན་པར་བྱེད་པ་དག།དེ་དག་གིས་ནི་ང་བསྲུངས་པས།།
411b6 སངས་རྒྱས་བསྲུངས་པའང་མཐའ་ཡས་སོ།།དེ་ལྟར་ཆོས་བསྲུང་བྱས་པས་ནི།།མི་དེ་དག་ནི་བསྲུང་བར་འགྱུར།།མདོ་འདི་ཕྱོགས་བཞིར་དེ་དག་གིས།།བཙལ་ཀྱང་རྙེད་པར་མ་གྱུར
411b7 ལ།།ངས་བསྟན་པ་ཡི་སངས་རྒྱས་གང་།།ཕྱོགས་བཅུ་དག་ནི་གོང་རྣམས་དག།དེ་ལྟར་སངས་རྒྱས་དེ་དག་ལ།།སྦྱིན་པ་བསམ་མི་ཁྱབ་པ་ཕུལ།།རྣམ་སྨིན་དེ་དག་ཇི་སྙེད་པ།།ངས
iiif viewer powered by OpenSeadragon
411a - 412a