e-texts navigator
Collection
Volume
Page
Wylie

410b1 འདུ་མཛད་པ་དག་མངོན་པར་འདུ་མཛད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བོ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཀྱི་རྣམ
410b2 གྷ་སྣ་རྒྱ་ཆེན་པོ་འདི་བསྟན་ཅིང་བཤད་པ་ན།ཁྱིམ་བདག་བརྒྱད་པོ་དེ་དག་གིས་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ནས་རབ་ཏུ་སྒྲོགས་པར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས
410b3 ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།།ཀུན་དགའ་ཁྱོད་ཀྱིས་འདི་དག་ན།།དགེ་སློང་བརྒྱད་པོ་ངའི་མདུན་ན།།ཡེ་ཤེས་ཆེན་པོ་བྱིན་བརླབ་གསོལ།།ཐུབ་པ་ཆེན་པོ་བྱིན་བརླབ
410b4 གསོལ།།མགོན་པོ་བདག་ཅག་སླད་དུས་ཚེ།།འདི་འདྲའི་ཆོས་དག་བཤད་བགྱི་ཞེས།།ཐལ་མོ་སྦྱར་ནས་ཆོས་ཀྱི་ཕྱིར།།གསོལ་པོ་འདེབས་པ་མཐོང་གྱུར་ཏམ།།གང་དོང་ཐབས
410b5 གཅིག་བགྲོ་མཛད་ཅིང་།།གང་ན་སངས་རྒྱས་གང་སྒྲོགས་རྣམས།།གང་ག་མདོ་འདི་འཛིན་བྱེད་པོ།།དེ་ལྟ་ཐམས་ཅད་སྲུང་བར་མཛད།།གང་དག་བོལྟ་དཀའ་ཆོས་སྤྱོད་པས།།
410b6 སངས་རྒྱས་དེ་དག་དང་མི་འབྲལ།།གང་ཞིག་འདི་ནི་ལུང་ནོད་པ།།དེ་བཞིན་ཉིད་ལ་གནས་པར་འགྱུར།།ང་ཡིས་བགྲོ་བ་བཤད་པ་འདི།།གང་དག་ལུང་ནོད་འགྱུར་བ་རྣམས།།དེ་དག་གི
410b7 ནི་མདུན་ན་ཡང་།།སངས་རྒྱས་བཞུགས་ཤིང་ཞལ་ཡང་སྟོན།།སངས་རྒྱས་བགྲོ་བ་གསུངས་འདི་ནི།།གང་དག་ལུང་ནོད་འགྱུར་བ་ཡི།།དགེ་སློང་དེ་དང་དེ་དག་རྣམས།།ང་ཡི་ཆོས་སྲུང་སྐྱོང་བར




iiif viewer powered by OpenSeadragon

410a - 411a

Texts on this page

N214 - de bzhin gshegs pa bgro ba zhes bya ba theg pa chen po'i mdo