e-texts navigator
Collection
Volume
Page
Wylie

409b1 སུ་འཇོམས་དེ་ནི་བདག་ལ་ལུང་བསྟན་གསོལ།།ཆོས་རྣམ་ཐམས་ཅད་མཐར་ནི་ཕྱིན་པ་པོ།།ཐུབ་པ་ཁྱོད་འདྲ་མ་མཆིས་གོང་ན་ག་ལ་མཆིས།།མི་མཆོག་ཆོས་དབྱིངས་ཁྱོད་ལ་ཞུ་ལྤགས
409b2 ན།།དོན་དམ་མཁས་པས་དེ་ནི་ལུང་བསྟན་གསོལ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།གཞོན་ནུ་པདྨ་དཔལ་གྱི་སྙིང།།
409b3 པོས་བསྟན་པ་འདི་བཤད་པ་ན་སྲོག་ཆགས་སུམ་ཁྲི་བྱང་ཆུབ་ཀྱི་ཕྱིར་ཡང་དག་པར་ཞུགས་སོ།།ཀུན་དགའ་བོ་དེང་བསྟན་པ་འདིའི་དབང་དུ་བྱས་ནས་ངའི་ཐད་ནས་བྱང་ཆུབ་ཀྱི་ཕྱིར་ཞུགས
409b4 པ་དག་ཁྱོད་ཀྱིས་མཐོང་ངམ།ཁྱིམ་བདག་འདི་རྣམས་ནི་འདི་ནས་ཤི་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེ་བར་འགྱུར་རོ།།དེ་དག་དེ་ནས་ཤི་འཕོས་ནས་ཀྱང་ཕྱི་མའི་དུས
409b5 ལྔ་བརྒྱ་པོ་ཐམས་དེ་དག་ཛམྦུའི་གླིང་དུ་མི་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ།།དེ་དག་ཛམྦུའི་གླིང་དུ་སྐྱེས་པའི་མོད་ལ་ཆོས་ཀྱི་རྣམ་གྲངས་འདིའང་ཉན་པར་འགྱུར་རོ།།དེ་ནས
409b6 སྲོག་ཚུགས་སུམ་ཁྲི་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བདག་ཅག་གིས་ཀྱང་སློང་མའི་ཚེ་སླད་མའི་དུས་ནི་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བགྱིའོ།།
409b7 དེའི་ཚེ་དེའི་དུས་ན་འཁོར་དེ་ཉིད་ནི་དགེ་སློང་ལྔ་བརྒྱ་ཙམ་ཞིག་འདུས་ཤིང་འདུག་པར་གྱུར་པ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ།བཅོམ་ལྡན་འདས་ལ་གསོལ་པ།བཅོམ་ལྡན་འདས




iiif viewer powered by OpenSeadragon

409a - 410a

Texts on this page

N214 - de bzhin gshegs pa bgro ba zhes bya ba theg pa chen po'i mdo