| | e-texts navigator
|
293a1 གསོལ་པ་བཅོམ་ལྡན་འདས་དེ་ལྟ་ལག་སོ།།བཀའ་སྩལ་པ།རབ་འབྱོར་ཉེ་དུ་ལག་ཏུ་བའི་ཕྱིར་ངོ་ཚ་མེད་པ་དེ་དག་གིས་འདི་ལྟ་སྟེ་དབུལ་པོར་འགྱུར་བའི།
293a2 ལས་ཀྱི་རྣམ་པར་སྨིན་པ་ཇི་ཙམ་ཡོངསུ་གཟུང་བར་སེམས་པ་ལ་ལྟོས།མི་ཕམ་པ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཉན་ཐོས་ཀྱི་ཆོས་སོ་ཞེས་སྐྲག་པར་མི
293a3 བྱའོ།།ཆོས་ཐམས་ཅད་རང་སངས་རྒྱས་ཀྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ།།ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ།།མངོན་པར་ཞེན་པར་མི
293a4 བྱའོ།།ཆོས་ཐམས་ཅད་ཉན་ཐོས་ཀྱི་ཆོས་མ་ཡིནོ་ཞེས་སྒྲོག་པར་མི་བྱའོ།།ཆོས་ཐམས་ཅད་རང་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ་ཞེས་སྒྲོག་པར་མི་བྱའོ།།ཆོས་ཐམས
293a5 ཅད་སངས་རྒྱས་ཀྱི་ཆོས་མ་ཡིནོ་ཞེས་སྐྲག་པར་མི་བྱའོ།།མངོན་པར་ཞོན་པར་མི་བྱའོ།།ཆོས་ཐམས་ཅད་སོ་སོའི་སྐྱེ་བོའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ།།ཆོས་ཐམས་ཅད
293a6 སོ་སོའི་སྐྱེ་བོའི་ཆོས་མ་ཡིནོ་ཞེས་སྐྲག་པོར་མི་བྱའོ།།ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ།།ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་པ
293a7 ཆོས་སོ་ཞེས་སྐྲག་པར་མི་བྱའོ།།ཆོས་ཐམས་ཅད་རྣམ་པར་བྱ་བའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ།།ཆོས་ཐམས་ཅད་རྣམ་པར་བྱང་བ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ།།
iiif viewer powered by OpenSeadragon
292b - 293b