e-texts navigator
Collection
Volume
Page
Wylie

292b1 དེང་ནས་འདི་སྐད་དུ་བྱང་ཆུབ་ཏུ་ནི་འདི་ལྟར་སྤྱད་དོ།།འདི་ནི་བྱང་ཆུབ་སེམས་དཔའ་སྤྱོད་པ་སྟེ་འདི་ནི་ཚུལ་ལོ།།གཞན་ནི་ཚུལ་མ་ཡིན།།ཆོས་ཀྱི་ཚུལ་འདི་ནི་ཆོས་སྨྲ་བ་ཕལ་ཆེར་གྱིས་བྱ།
292b2 ཤེསོ་ཞེས་ཟེར་ཏེ་དེ་དགེ་རྙེད་པ་དང་བཀུར་སྟིའི་ཕྱིར་ཆོས་སྨྲ་བཻ་དག་ལ་ཀུན་ནས་མཽནར་སེམས་མང་པོ་འབྱུང་ངོ་།།མི་ཕམ་པ་འཚོ་བ་ཅན་གྱི་མིང་དག་ནི་བསྐལ་པ་བརྒྱུས་ཀྱང་མཐུན
292b3 པའི་བཟོད་པ་ཐོབ་པར་ང་མི་སྨྲ་ན་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་ཕམ་པ་གཡོ་དང་ལྡན་པ་ལ་བྱང་ཆུབ་མེད་དོ།།ཕྲག་དོག་ཅན་ལ་མེད་དོ།།རིམ་གྲོ་མེད་པ་ལ་མེད་དོ།།ཡང
292b4 དག་པའི་ཤེས་པ་མེད་པ་ལ་མེད་དོ།།ཁྱིམ་སུན་པར་བྱེད་པ་ལ་མེད་དོ།།གཉིས་སྤྱོད་པ་ལ་མེད་དོ།།མི་ཕམ་པ་མི་བླུན་པོ་དེ་དག་ནི་ང་བས་ཀྱང་ཆེས་མཁས་པར་ཁས་འཆེ་ཞིང
292b5 ཉན་ཐོས་ཀྱི་ཆོས་སམ།རང་སངས་རྒྱས་ཀྱི་ཆོས་གོང་ཡིན་པའི་ཆོས་དེ་ནི་དེ་བཞིན་གཤེགས་པས་གསུངས་པ་མི་ཡིནོ་ཞེས་ཟེརོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང
292b6 ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ།རབ་འབྱོར་གཉི་སུ་མེད་པ་སྤྱོད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་མོད།གསོལ་པ།བཅོམ་ལྡན་འདས་དེ་ལྟ་ལགསོ།།བཀའ
292b7 སྐྱེལ་པ།རབ་འབྱོར་མི་གནས་པ་ལ་བྱང་ཆུབ་ཡོད་མོད།གསོལ་པ།བཅོམ་ལྡན་འདས་དེ་ལྟ་ལོག་སོ།།བཀའ་སྩལ་པ།རབ་འབྱོར་སྤྲོས་པ་མེད་པ་ལ་བྱང་ཆུབ་ཡོད་མོད




iiif viewer powered by OpenSeadragon

292a - 293a

Texts on this page

N212 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo