e-texts navigator
Collection
Volume
Page
Wylie

292a1 མགོ་བྱིན་པར་གྱུར་པ་དེ་འཆལ་པའི་ཤེས་རབ་ཡིན་ནམ།གསོལ་པ།བཅོམ་ལྡན་འདས་དེ་ནི་མྱ་ལག་སོ།།བཀའ་སྩལ་པ།མི་ཕམ་པ་ངས་ཕ་རོལ་ཏུ
292a2 ཕྱིན་པ་དྲུག་དང་ལྡན་པའི་མདོ་གོང་དག་བསྟན་པ་དེ་དག་ཅི་བྱང་ཆུབ་འཐོབ་པར་འགྱུར་བ་མ་ཡིན་ནམ།གསོལ་པ།བཅོམ་ལྡན་འདས་བྱང་ཆུབ་ཐོབ་པར་འགྱུར་བ་ལག་སོ།།
292a3 སྩོལ་པ།མི་ཕམ་པ་ཁྱོད་ཀྱིས་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད།བསྐལ་པ་དྲུག་ནུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད།བསྐལ་པ་དྲུག་ཅུར་བཟོད
292a4 པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད།བསྐུལ་པ་དྲུག་ཅུར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད།བསྐལ་པ་དྲུག་ནུར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན།དུ་ལི་མི་བླུན
292a5 དག་འདི་སྐད་དུ་འདི་ལྟ་སྟེ།མི་དམིགས་པའི་ཚུལ་གཅིག་པུས་བྱང་ཆུབ་འཐོབ་བོ་ཞེས་ཟེར་ཏོ།དེ་དག་ནི་སྤྱོང་པ་ཡོངསུ་མ་དག་པ་ཡིན།ཚིག་ཙམ་གྱིས་དགའ་བར་སེམས་ཤིག།
292a6 བསྒྲུབ་པ་སྙིང་པོར་བྱེད་བླ་མ་ཡིན།ངག་གིས་ལས་ལྷུར་ཡིན་གྱི་ནན་ཏན་ལས་རིང་བ་ཡིན་ཏེ།བླག་དོག་ཅན་དུ་གྱུར་པ།ཆགས་པར་གནས་པ།ཉེ་དུ་ལ་གངྒཱ་པ་ཡིན་ནོ།།
292a7 མ་བིམ་པ་དེའང་མགོ་བྱིན་པས་དགའ་བ་ཙམ་དུ་ལཁི་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པས་ནི་མ་ཡིན་ན་དེ་ལ་མི་བླུན་བ་ཟང་ཟིང་ལ་སེར་སྣ་བྱེད་པ་དེ་དག་གཞན་གྱི་ཁྱིམ་རྣམ




iiif viewer powered by OpenSeadragon

291b - 292b

Texts on this page

N212 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo