| | e-texts navigator
|
291b1 དསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པ་དེ་དག་གིས་ནི་སངས་རྒྱས་ཡོངསུ་བཏང་བ་ཡིན་ཏེ་ཇི་སྙེད་དུ་ཁོང་ཁྲོ་བའི་སེམས་བསྐྱེད་པར་བྱེད་པ་དེ་སྙེད་ཀྱི་བསྐུལ
291b2 པཔོར་སེམསོ་ནྡན་དམྱལ་བར་གནས་པར་གོ་ཆ་དགོས་སོ།།ཇི་ཙམ་དུ་ཁོང་ཁྲོ་བའི་མིག་གིས་ལྟ་བ་དེ་སྲིད་དུ་ལོང་པའི་སྐྱེ་མཆེད་ཐོབ་པར་འགྱུརརོ།།ཇི་ཙམ་དུ་མི་སྙན་པར་བརྗོད
291b3 པབདེ་སྲིད་དུ་ལྕེའི་སྐྱེ་མཆེད་མེད་པར་ཐོབ་པར་འགྱུར་རོ།།མི་ཕམ་པ་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པའི་སེམས་བསྐྱེད་པས་བྱང་ཆུབ་སེམས་དཔའ་ངན་སོང་དུ་འགྲོ
291b4 བར་ལོག་པར་ལྟུང་བར་འགྱུར་བའི་ཆོས་དེ་ལྟ་བུ་གཞན་ངས་མ་མཐོང་ངོ་།།མི་ཕམ་པ་སེམས་ཅན་གྱི་འདུ་ཤེས་དང་ཆོས་ཀྱི་འདུ་ཤེས་ལ་གནས་པ་རྣམས་ལ་ནི་ལས་མངོན་པར
291b5 འདུ་བྱ་བ་ཡོད་དེ་མི་དམིགས་པ་ལ་ནི་མེད་དོ།།བྱང་ཆུབ་སེམས་དཔའ་གང་དག་ཆོས་ཐ་དད་དུ་འབྱེད་ཅིང་སྟོན་པ་དེ་དག་ནི་སྤྲོས་པ་ལ་གནས་པ་ཡིན།།མི་ཕམ་པ་བྱང་ཆུབ
291b6 སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབ་པ་འདི་ནི་བྱང་ཆུབ་ཀྱི་ཕྱིར་ཡིན་ན།དེ་ལའང་མི་བླུན་པོ་དེ་དག་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ
291b7 བྱང་ཆུབ་སེམས་དཔས་བསླབ་པར་བྱའོ་ཞེས་ཟེར་ཞིང་ཕ་རོལ་ཏུ་ཕྱིན་པ་ལྐོག་མ་རྣམས་ལ་སུན་འབྱིན་ཏོ།།མི་ཕམ་པ་འདི་ཇི་སྙམ་དུ་སེམས།ཀ་ཤྲི་ཀའི་རྒྱལ་པོ་གང་ཡིན་པས
iiif viewer powered by OpenSeadragon
291a - 292a